| | e-texts navigator
|
210a1 ཏོག་དང་། གཞན་ཡང་སྤྲུལ་པ་མང་པོའི་ཚོགས།། ཕྱོགས་བཅུ་མ་ལུས་ཐམས་ཅད་ཀུན།། དེ་ལས་བསད་ཅིང་བཟུང་དུ་མེད།། ཁ་དོག་དབྱིབས་དང་གནས་མ་ཡིན།། སྐྱེས་བུ་དམ་པ་མཆོག་འདོད་པས།། །
210a2 དེ་ལ་རྟག་འགྲུས་གསལ་བར་བགྱིས།། དེའི་འབྲས་བུ་མཐར་ཕྱེན་ནི།། རྒྱུ་འབྲས་མེད་པའི་དུས་གཅིག་སྟེ།། ཐམས་ཅད་མིང་གི་མཚན་ཉིད་དུ།། ཡི་གེ་འབྲུ་གསུམ་རྫོགས་པར་གྱུར།། མི་ཟད་རྒྱན་གྱི་འཁོར་ལོས་བསྡུས།། ཚེ།
210a3 ཆེན་གཉིས་ཀྱང་རྫོགས་པར་རོལ།། སྐྱེ་འཇིག་མེད་པའི་དབྱིངས་ལ་ཞུགས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། མཐའ་ཡས་འཇིག་རྟེན་བསམ་ཡས་ཀུན།། རྒྱལ་བ་ཡུམ་གྱི་དབྱིངས་སུ་ཐིམ།། ཐམས་ཅད་མ་ལུས་ཆོས
210a4 ཀུར་འདུས། ། ཧོ། ཆོས་ཐམས་ཅད་མིང་གི་མཚན་ཉིད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཐམས་ཅད་ཡུམ་གྱི་དབྱིངས་སུ་འདུས་པ་ཤིན་ཏུ་གསང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས།
210a5 ཅད་ཀྱིས་ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབ་པ་ཞེས་བྱ་བ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པས།། ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ།། གསང་བ་དེ་ཉིད་ངེས་པ་ཡི།།
210a6 སྙིང་པོ་ཕྱག་རྒྱ་འདའ་བར་བཀའ།། མི་སྐྱོད་ཉི་མའི་དཀྱིལ་ཡིགེ། རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། ལྔ་གཉིས་ཟུང་དུ་སྤྲོས་པ་ལས།། སྦྱར་བ་ཕྱག་རྒྱ་འབྱུང་བའི་རྒྱུ།། ཨོཾ་དང་མུཾ་གཉིས་ཅེ་སྦྱར་ཏེ།། འབྲུ་བརྒྱད་བསྣོལ་ནས
210a7 རེར་སྤྲད་པ། ། རྒྱལ་བ་ཀུན་དང་མཉམ་སྦྱོར་བའི།། བདེ་བ་ཆེན་པོ་སྦྱིན་པའི་རྒྱ།། འབྲུ་བཞི་སྦས་ནས་ཐུགས་ཁར་བཀན།། ཧཱུཾ་སྒྲེང་རྩེ་མོར་རྡོ་རྗེ་འབར།། ཟླ་བ་ཏུལ་འབྲུ་སྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན།།
210a8 འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། མུན་གྱི་རྩེ་མོར་དྲལ་བསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། ཨོཾ་བསྒྲེང་རྩེ་མོར་འཁོར་ལོ་འབར།།
iiif viewer powered by OpenSeadragon
209b - 210b