e-texts navigator
Collection
Volume
Page
Wylie

20a1 གསུམ་དང་། དགོངས་པ་བཞི་དང་། ཆེན་པོ་ལྔ་དང་། ཚོགས་པ་དྲུག་དང་། འབྲུང་ཚུལ་བཅུ་གཉིས་དང་། ཏིང་ངེ་འཛིན་བཅུ་གཉིས་དང་། ཡེ་ཤེས་ཆེན་པོ་བཅཝ་བརྒྱད་དང་། རྣལ་འབྱོར་ཆེན་པོ་བཅུ་གཅིག་དང་། སྒྲུབ་པ།
20a2 ཆེན་པོ་བཞི་དང་། སྦྱོར་བ་ལྔ་དང་། དངོས་གྲུབ་ཆེན་པོ་དྲུག་དང་། རྫོགས་པ་ཆེན་པོ་གཅིག་ཤས་ཏེ་ཆུབ་པར་འདོད་པས་ཀྱང་ལམ་འདི་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱུ་ཉིད་འབྲས་བུར་གྲུབ་པའི་ཕྱིར་གཏན་ལ་ཕེབས་པས
20a3 མ་ནོར་བ་ཞེས་བྱའོ། ། ཐེ་ཙོམ་མི་ཟ་བའི་ཕྱིར་ཐབས་ཀྱིས་ངེས་པ་དང་། ཤེས་རབ་ཀྱིས་ངེས་པས་ངེས་པ་ཞེས་བྱའོ།། འདོད་པ་འབྱུང་བའི་ཕྱིར་ཡང་ཡོངས་སུ་ཁྱབ་པ་དང་། རླབས་སུ་ཆེ་བའི་ཡོན་ཏན་དང་རྩིས་ལས་འདས་པའི་ཕྱིར་ཡོན
20a4 ཏན་ཞེས་བྱའོ། ། ཐབས་ཀྱིས་ལྡེམ་པོར་དགོངས་པའི་ཕྱིར་མཉམ་པ་ཉིད་ལ་དགོངས་པ་དང་། མཚན་ཉིད་ཀྱི་ཕྱིར་དུས་གཞན་ལ་དགོངས་པ་དང་། གཉེན་པོའི་ཕྱིར་གྲངས་གཞན་ལ་དགོངས་པ་དང་། སྦྱར་བའི་ཕྱིར་དོན་གཞན
20a5 ལ་དགོངས་པས་ན་དགོངས་པ་ཞེས་བྱའོ། ། ལྷག་པར་འཕགས་པའི་ཕྱིར་མངོན་པ་དང་། བདག་ཉིད་ཆེན་པོ་དང་། དེ་ཡིན་པ་དང་། ཐམས་ཅད་དུ་ཆེ་བ་དང་། ཀུན་ཏུ་རྫོགས་པའི་ཕྱིར་ཆེན་པོ་ཞེས་བྱའོ།། ཀུན་ནས་ཚངས་པའི་ཕྱིར
20a6 མཉམ་པ་ཆེན་པོ་དང་། འབྱོར་པ་ཆེན་པོ་དང་། འདུས་པ་ཆེན་པོ་དང་། རིག་པ་ཆེན་པོ་དང་། དབང་ཆེན་པོ་དང་། འདྲེས་པ་ཆེན་པོའི་ཕྱིར་ཚོགས་ཤེས་བྱའོ།། གཞན་གྱི་དོན་དུ་འབྱུང་ཞིང་འགྲོ་བའི་ཚུལ་དང་མཐུན་པའི་ཕྱིར་གནས།
20a7 སུ་བསྐྱོད་པ་དང་། མཉམ་པར་གྱུར་པ་དང་། མཛེས་པར་གཤེགས་པ་དང་། སྤྲོ་བར་སྤྱོད་པ་དང་། གསང་པར་སྦྱོར་བ་དང་། མཚན་མ་བཅོམ་པ་དང་། མཛད་པ་མེད་པ་དང་། སེང་གེའི་གསུང་སྒྲ་དང་། ངེས་པར་རྫོགས་པ་དང་།
20a8 ཆམ་ངོམ་ཆེན་པོ་སྤྲུལ་པ་མཛད་པ་དང་། ཡོངས་སུ་དག་པའི་ཕྱིར་འབྱུང་ཚུལ་ཆེན་པོ་ཞེས་བྱའོ།། གསལི་ཞིང་མི་གཏོད་པའི་ཕྱིར་སེམས་ཀྱི་སྤྱོད་པ་སྟེ། རྣམ་དག་དབྱིངས་ཀྱི་ཏིང་ངེ་འཛིན་དང་། སྣང་གསལ་ཡེལ་འབྱོ




iiif viewer powered by OpenSeadragon

19b - 20b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo