e-texts navigator
Collection
Volume
Page
Wylie

207a1 རྫོགས་པར་རོལ། ། ཐབས་དང་ཤེས་རབ་ས་ཡི་མཆོག། དེ་ལ་སོགས་ཏེ་བསམ་ཡས་མཆོག། སྐྱེ་ཤི་མེད་པའི་གཡུང་དྲུང་ས།། ཉོན་མོངས་ཀུན་གྱིས་ཞིང་དུ་གནས།། ཟད་མི་ཤེས་ཀྱི་གཏེར་དུ་གྱུར།། རྡོ་རྗེ་རིག་པ་འཛིན་གྱི་སྐུ
207a2 ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། ཅེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བཞིང་གི་རྡུལ་སྙེད
207a3 དུ་གསལ་བར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པའི་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་ཡོན་ཏན་ཆེན་པོའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཨ་ཧོ། དམིགས
207a4 བྱ་དམིགས་མེད་མི་དམིགས་དཔག་མེད་བསམ་མི་ཁྱབ། ། ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་།། མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས།། ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམས་སྤྱི་སྤྲོས་པ་མེད།། ཡེ་ནས
207a5 ཀུན་ཁྱབ་དཀྱིལ་འཁོར་བསམ་ཡས་ཞིང་གི་རྡུལ་སྙེད་དུ། ། ཡེ་ནས་རྣམ་སྤྲོས་སྙིང་པོ་ཀུན་གནས་གནས་པ་མེད།། རྡོ་རྗེ་གསང་བའི་ཚིག་ཏུའོ།། ཨ་ཧོ་ཞེས་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དཀྱིལ་འཁོར
207a6 སྤྲོས་པའི་ལེའུ་སྟེ་བཅུ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ལ་བཞུགས་ནས་འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་ཉིད་ལ་ཉིད་མཉེས་པར་མཆོད་ཅིང་། ཀུན་དུ་བཟང་པོ་དགྱེས་ཏེ་ཕྱོགས་བཅུ་དུས
207a7 བཞི་མ་ལུས་པ་ཐམས་ཅད་ཀྱི་བཞུགས་གནས་ཐམས་ཅད་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ། ཚད་དཔག་ཏུ་མེད་པ་རྒྱས་པ། མཐའ་དབུས་མེད་པར་ཁྱབ་ཅིང་འོད་ཟེར་སྒྲིབ་པ་མེད་པ་རང་བྱུང་བ་ལ་བཞུགས
207a8 ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཉིད་ཀྱི་དབྱིངས་ཉིད་འཕྲོ་བ་དཔག་ཚད་མེད།། ཀུན་ནས་དཀྱིལ་འཁོར་ཡོངས་སུ་མ་ཆད་བའི།། སྲིད་གསུམ་ཡང་དག་མཉམ་སྦྱོར་སྤྱོད་ཡུལ་ཏེ།། མཚན་འཛིན་འདས་པ་མཆོག་གི་རྒྱུ་ལས་བྱུང་།། དབང་སྒྱུར




iiif viewer powered by OpenSeadragon

206b - 207b

Texts on this page

Q457 - gsang ba'i snying po de kho na nyid nges pa