| | e-texts navigator
|
206b1 ལོ་རིན་པོ་ཆེ། ། པད་མ་རལ་གྲི་དྲིལ་བུ་འབར།། ཨུཏྤལ་ཀླུ་ཤིང་ལ་སོགས་མཚན།། མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན།། མཐིང་ཀ་ཀར་པོ་སོར་ལེབ་རྒན།། ལྗང་ཁུ་ལ་སོགས་སྣ་ཚོགས་པའི།། མཉེན་ལྷག
206b2 འཐིལ་ལྡེམ་གཞོན་ཚུལ་ཅན། ། གསལ་འཚེར་ལྷུན་ལུག་གཟི་བྱིན་ཅན།། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།། འབར་བས་འཕྲེང་བས་འཁྱིལ་པ་སྟེ།། དབུས་མཐའ་མེད་པར་ཁྱབ་པ་ཡི།། དཀྱིལ་འཁོར་བསམ
206b3 ཡས་ལྷུན་གྱིས་གྲུབ། ། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི།། དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་།། ཡང་དག་ཐར་པའི་གཟུགས་སྐུ་དང་།། འགྲོ་བ་མ་ལུས་འདུལ་བའི་ཕྱིར།། འཐུན་བྱས་སྐུ་ནི་སྣ་ཚོགས་སྟོན།། སྟོན་ཉིད།
206b4 མ་མིག་ཡོར་ཚུལ།། ཚུལ་ཉིད་དབྱིངས་ལས་གཡོས་པ་མེད།། མི་གཡོས་བཞིན་དུ་སྣ་ཚོགས་པའི།། དེའི་ཚེ་མ་མཐུན་སྣ་ཆགས་ལ།། ། སོ་སོ་འདྲ་བར་སྣང་བ་ནི།། དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་།། ལས་འཕྲོ་དབང
206b5 གིས་སོ་སོར་སྣང་། ། དཔེར་ན་མེ་ལོང་ཆུ་ཟླ་བཞིན།། དེ་ཚེ་འགྲོ་དྲུག་ཐམས་ཅད་ལ།། སྡིག་སྤོང་གཟུགས་སུ་རྣམ་པར་བསྟན།། དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས།། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ།། གཞན་ཡང
206b6 ཐེག་མཆོག་རིམ་པ་བཞིན། ། འོག་མོན་བླ་མེད་གནས་མཆོག་ཏུ།། སྐུ་ནི་རྣམ་པར་སྣང་མཛད་ཚུལ།། བྱང་ཆུབ་སེམས་དཔའ་འཁོར་རྣམས་ལ།། དེ་བཞིན་གསུང་མཆོག་མི་སྨྲ་སྟེ།། སྐུ་ཡིས་ཆོས་རྣམས་མཇལ་ལྔ
206b7 སྟོན། མེ་ལོང་བསྟན་པའི་ཚུལ་བཞིན་དུ།། དངོས་ཀྱི་མདོག་ངན་ཐམས་ཅད་སེལ།། འཁོར་གྱིས་དེ་བཞིན་སྐུ་ལྟས་ན།། བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད།། མེ་ལོང་བཞིན་དུ་སྐ་ལ་སྣང་།། དེ་ནས་ས་བཅུ་རིམས་ཀྱིས་འབྱང
206b8 བླ་མེད་བྱང་ཆུབ་ཡང་དག་འཐོབ། ། ཆོས་སྐུ་དཔག་མེད་བརྗོད་དུ་མེད།། ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར།། སྤྲུལ་པ་བྱེ་བ་བསམ་མི་ཁྱབ།། མཚན་དང་དཔེ་བྱད་ཐམས་ཅད་རྫོགས།། སྤྱོད་ཡུལ་ཀུན་ཏུ་མཎ་ཊ་ལ།། ཚོགས་ཆེན་གཉིས་ཀྱང
iiif viewer powered by OpenSeadragon
206a - 207a