e-texts navigator
Collection
Volume
Page
Wylie

206a1 ཤིང་གི་རིན་ཆེན་འབར། ། ཡིད་བཞིན་རིན་ཆེན་རྒྱན་གྱིས་བསྐོར།། ཐམས་ཅད་ལ་ནི་དབང་སྒྱུར་ཕྱིར།། འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར།། གསང་བ་དེ་ཉིད་ངེས་པ་ལས།། འཕྲུལ་ཆེན་བཞི་བཅུ་རྩ་གཉིས་ཀྱིས།།
206a2 ཐམས་ཅད་ལྷ་ཉིད་རྟག་ཏུ་སྦྱོར།། ཐམས་ཅད་མ་ལུས་དཀྱིལལལོ་མཆོག་འདི་ནི་རང་བཞིན་དཀྱིལ་འཁོར་དང་།། གཟུགས་སྙན་ལྷག་པའི་དཀྱིལ་འཁོར་གསུམ།། ཏིང་འཛིན་ལྷག་པའི་དཀྱིལ་འཁོར་དག། བྱང་ཆུབ་སེམས་དང་ཚེག
206a3 མཆོག་བརྟན། ཞེས་ཉིད་ལ་ཉིད་བཤད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཤིན་ཏུ་གསང་བའི་དཀྱིལ་འཁོར་བསྡུས་ནས་ལྷག་པའི་གཟུགས་བརྙན་སྟེན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ
206a4 ཐམས་ཅད་ཀྱི་རང་བཞིན་ཅིག་དང་དུ་མ་མེད་པ་དག་ཉིད་ཐམས་ཅད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་འབྱུང་བར་བཞེད་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཡེ་ཤེས་ཕྱོགས་བཞི་དབུས་རྟག
206a5 ཏེ། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི།། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པ།། ཀུན་འབྲུ་བ་དཀྱིལ་འཁོར་ཆེན་པོ་སྤྱོད།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། གྲུབ་ཆད་བཞིས་བརྒྱན་པར་འཁྱམས་དང་།། ཀུན
206a6 དུ་གུ་པའི་སྒོ་ཁྱུད་ལྡན། ། རོལ་མོ་སྡེ་ཚོགས་སྤྲིན་ཕུང་བཞིན།། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན།། སེང་གེ་གླང་ཆེན་རྟ་དད་ཁྱུང།། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ།། ཉི་ཟླ་པད་མ་རིན་པོ་ཆེ།། གདན་ལ་རྫོགས་དང་སེམས
206a7 དཔའི་ཚུལ། ། འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། གཡས་ནས་མཐོང་ཐོས་སྡོམ་པ་དང་།། མྱོང་དང་བཙུན་མོའི་ཚོགས་སུ་བཅས།། གྲཝ་ཆད་ལ་ནི་མཐོང་བྱེད་དང་།། ཐོས་བྱེད་སྡོམ་བྱེད་མྱོང་བྱེད་རྣམས།། བཙུན་མོ་དག
206a8 དང་བཅས་པར་གནས། ། བར་འཁྱམས་ལ་ནི་ཐུབ་དྲུག་དང་།། བདུན་དང་རྒྱབ་ཏུ་བྱེད་པ་དང་།། བྱ་བ་དག་ནི་གནས་པར་བསྟན།། སྒོ་ཁྱུད་བཞི་ལ་འཇོམས་པ་ནི།། བཙུན་མོའི་ཚོགས་དང་ལྡན་པར་གནས།། རྡོ་རྗེ་འཁོར




iiif viewer powered by OpenSeadragon

205b - 206b

Texts on this page

Q457 - gsang ba'i snying po de kho na nyid nges pa