e-texts navigator
Collection
Volume
Page
Wylie

205a1 དེ་བཞིན་ཏེ།། འཇིག་རྟེན་ཁམས་ནི་གཏོར་བ་དང་།། ཐམས་ཅད་སྟོངས་ཤིང་ལྷུང་བར་འགྱུར།། འགུག་དང་གཏང་དང་བཅིང་དང་གྲོལ།། གསོ་དང་གསད་དང་པམ་དང་རྒྱལ།། ཏིང་འཛིན་འདི་ཡིས་བྱེད་པར
205a2 འགྱུར། ། དེ་ཉིད་ཡེ་ཤེས་རང་སྣང་བའི།། མིང་ཚིགས་གཟུགས་ཚོགས་ཡིད་བཞིན་གྱིས།། མུན་ལ་སྣང་བྱུང་ཇི་བཞིན་དུ།། འགྱུར་བས་གསེར་འགྱུར་སྨན་གྱི་ཚུལ།། སྟོན་པ་མཆོད་བརྩོན་རྟོགས་པ་གསལ།། དམ་ཚིག
205a3 སྔགས་དང་ཕྱག་རྒྱ་རྣམས། ། མ་ཉམས་ཤེས་ཤིང་ཡོ་བྱད་ལྡན།། འགྲུབ་འགྱུར་མི་ལྡན་དོན་མེད་བརླག། དུས་གསུམ་རྒྱལ་བས་ཐུགས་ཆུད་པའི།། དངོས་གྲུབ་མཆོག་གི་སྙིང་པོ་ནི།། ཟད་པའི་དུས་མེད་ཡིད་བཞིན་མཛོད།
205a4 འཕེལ་འགྲིབ་མེད་པར་འབྱུང་བ་སྟེ།། དངོས་པོ་མེད་ལས་དངོས་པོའི་སྤྲིན།། སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར།། དངོས་རྣམས་ཉིད་ན་དངོས་མེད་པར།། རྟོགས་པའི་དབང་སྒྱུར་ཏིང་འཛིན་ཡིན།། གང་གིས་དམིགས་མེད་མི་ཤེས
205a5 པ། ། དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས།། དེ་ཕྱིར་དངོས་དང་དངོས་མེད་པ།། འཇིགས་པས་དམིགས་མེད་ཤེས་པར་གྱིས།། གཞི་རྩ་མེད་པའི་སེམས་ཉིད་ནི།། ཕོ་མོ་མ་ཡིན་མ་ནིང་མིན།། མཚན་མེད་མ་ཡིན་རིགས་རྒྱུད་མིན།། ཁ་དོག
205a6 མ་ཡིན་དབྱིབས་མ་ཡིན། ། གནས་སུ་མ་ཡིན་གང་ཡང་མིན།། དེ་བཞི་ནི་ཉད་དབྱིངས་ཡེ་ཤེས་ཏེ།། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ།། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས།། ཐ་དད་མིན་ལ་ཐ་དད་པའི།། ནང་དང་ནང་གི་ཕྱི་རོལ་པ།།
205a7 དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ།། འཇིགས་མེད་ཀུན་བཟང་ཕྱག་རྒྱ་མཆོག། གང་གིས་གླང་ཆེན་མྱོས་འདྲའི་སེམས།། མཉམ་པར་བཞག་པས་བཏུལ་ནས་སུ།། སྔགས་དང་ཕྱག་རྒྱ་རབ་བརྟན་ན།། དངོས་གྲུབ་ཡམ་ཚྭ
205a8 ཆེན་པོར་འགྱུར། ཞེས་བརྗོད་པས།། དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་།། ཨེ་མའི་སྙིང་པོར་ལམ་བཅས་པ།




iiif viewer powered by OpenSeadragon

204b - 205b

Texts on this page

Q457 - gsang ba'i snying po de kho na nyid nges pa