e-texts navigator
Collection
Volume
Page
Wylie

204b1 ནི་རྒྱུད་གཞན་བཞིན། ། གསུམ་ནི་དེ་བཞིན་ཀུན་གྱི་བདག། བཅོ་བརྒྱད་འབྱུང་བའི་གནས་ཡིན་ཏེ།། བྱང་ཆུབ་གྲུབ་པའི་ཞིང་ཡང་ཡིན།། བདེ་བ་འབྱིན་པའི་རྒྱུ་ཡང་ཡིན།། གསང་བའི་མཚན་ཉིད་བརྗོད་པ་ནི།། དབང་པོ་རྡོ་རྗེ
204b2 གསང་བའི་རྒྱལ། ། ཡུལ་ནི་པད་མ་བདེ་མཆོག་དབྱིངས།། སེམས་ནི་བྱང་ཆུབ་འབྱུང་བའི་གཏེར།། དབང་པོ་ཡུལ་སེམས་ལྡན་གྱུར་ནས།། གསང་བ་མཆོག་གི་འཕྲུལ་ཆེན་སྤྲོ།། དཀྱིལ་འཁོར་རྡུལ་སྙེད་གྲངས་མེད་དང་།། ཕུན
204b3 སུམ་ཚོགས་པའི་ལྷུན་གྲུབ་རྣམས། ། གསང་བ་མཆོག་གིས་འབྱིན་པར་བྱེད།། འདི་ནི་རྩེ་ཅིག་ཡིན་པར་གསུངས།། གསང་བའི་དོན་མཆོག་འདི་དག་ནི།། ལྟ་བ་དམན་ལ་བཤད་བྱས་ནས།། དུས་མིན་པར་ནི་སྲོག་ཟད་ནས།། མགོ
204b4 འགས་སྙིང་ཡང་འཚིག་པར་འགྱུར། ། ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར།། མི་འདོད་བཞིན་དུ་དབང་མེད་པར།། ངན་སོང་མི་ཁོམ་བསྐལ་པར་བརྒྱུད་པར་འགྱུར།། དེ་བས་འདི་ནི་ཤིན་ཏུ་གསང་བར་བྱ།། ཤེས་རབ་རྒྱ་ཆེན་བློ་ཟབ
204b5 ཡངས་པ་ཡིས། ། བློ་བརྟན་སྙིང་རྗེ་ཆེ་དང་དང་ལྡན་དང་ཚུལ་བཟང་ལ་བརྟན།། གཞན་དུ་ནམས་ཀྱང་སྦྱིན་མི་བྱ་ཞེས་ཉིད་ལ་ཡཱ་ཉིད་བརྗོད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁམས་ཉི་ཤུ་རྩ་ཅིག་ཏུ་སྡུས་ནས
204b6 ཐམས་ཅད་མ་ལུས་པར་དབྱིངས་སུ་བཀོད་པའི་ལེའུ་སྟེ་བདུན་པའོ། ། །། དེ་ནས་ཡི་གེའི་དཀྱིལ་འཁོར་གྱི་སྤྲིན་བཀོད་པ་ལས་སྒྱུ་འཕྲུལ་རྣམ་པར་སྤྲོ་བ་འདི་ཆེད་དུ་བརྗོད་དོ།། རྩ་བ་མེད་པའི་སེམས་ཉིད་ནི།། ཆོས་རྣམས་ཀུན
204b7 གྱི་རྩ་བ་ཡིན། ། སེམས་ཉིད་ཡི་གེའི་རང་བཞིན་ཏེ།། ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན།། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། དྲ་བའི་དཀྱིལ་འཁོར་མངོན་རྫོགས་པས།། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། དཀྱིལ་འཁོར་ཐམས
204b8 ཅད་གྲུབ་པར་འགྱུར། ། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། བཞི་བརྒྱ་རྩ་བཞིན་སེལ་ཅིང་།། ལོངས་སྤྱོད་འབྱུང་ཞིང་ངན་སོང་སྤྱོད།། ཅི་ཡང་གཞན་དུ་འབྱུང་བ་གྲུབ།། ནམ་མཁའ་རྡོ་རྗེསྲ་འབྱུང་ཞིང་།། འབར་ནས་མེ་ཡང་འཚག་པ་དང་། ཆུ་འགྱུར་འབབ་པའང་།




iiif viewer powered by OpenSeadragon

204a - 205a

Texts on this page

Q457 - gsang ba'i snying po de kho na nyid nges pa