| | e-texts navigator
|
202b1 མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བ་འཁོར་ལོ་ཞེས་བྱ་བ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་ངོ་། ། ཨ་རབ་ཏུ་བརྟན་འགྱུར་ཨ་དཀར་ལས།། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ།། ཕྱོགས་ཀུན་གང་བར་གསལ་གྱུར་ནས།།
202b2 བདུས་ཀྱང་འཕེལ་འགྲིབ་མེད་པར་བརྟན།། དེ་ལས་མིང་ཚེགས་གསལ་འབར་ཀུན།། སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ།། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི།། བརྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ།། ཨ། ཀ་ཁ་ག་གྷ་ད། ཙ་ཚ་ཛ་ཛྷ།
202b3 ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། བ་པ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥཱ་ས་ཏ། ཀྵ། ཨི་ཨཱཾ། ཨུ་ཨཱ། ཨེ་ཨཱཾ་ཨོ་ཨཽ།། འདི་དག་ཟུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས།། རབ་ཏུ
202b4 གཡོས་ཀུན་ཏུ་གཡོས་ནས་ཆོས་ཐམས་ཅད་མིང་གི་མཚན་ཉིད་དུ་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨ་ནི་སྟོང་དང་མི་སྟོང་གི། དབུ་མ་དམིགས་སུ་ཡོད་མ་ཡིན།།
202b5 ཐམས་ཅད་མིང་ཙམ་སངས་རྒྱས། ཀུན་ཡི་གེ་ཕྲེང་བ་ཉིད་ལ་གནས།། ཨ་ཉིད་སྣ་ཚོགས་པར་སྣང་བའི།། ཀ་ལ་སོགས་པ་བཞི་བཅུ་གཉིས།། སྒྲ་ཡི་མིང་གིས་ཐམས་ཅད་བསྡུས།། མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས།། ཨེ་མའོ
202b6 མཚར་ཡ་མཚན་གྱི། ། འཕྲུལ་རེན་བཞི་བཅུ་རྩ་ལྔའི་མིང་།། ཚིག་རྣམས་མ་ལུས་འཛིན་པའི་གནས།། སྣ་ཚོགས་དོན་ཀུན་སྨྲ་ཞིང་སྟོན།། དངོས་མེད་ཡི་གེ་རང་བཞིན་སེམས།། བདག་མེད་མཐའ་བྲལ་མི་དམིགས་ཀྱང་དབྱིབ
202b7 དང་ཁ་དོག་མིང་ཚེགས་ཀྱིས། ། རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན།། ཕྱོགས་བཅུ་དུས་བཞི་གཤེགས་པ་ཡི།། ཡེ་ཤེས་སེམས་པའི་སྐུ་གསུང་ཐུགས།། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད།། ཡི་གེ་མགོ་ནས་ཀཱ་ལ་རྫོགས།
202b8 སེམས་ནི་རང་བཞིན་ཡི་གེ་སྟེ།། ཡི་གེ་དངོས་པོ་ཡོད་མ་ཡིན།། དམིགས་མེད་དེ་ཉིད་སྣ་ཚོགས་པའི།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ།། སྐུ་གསུང་ཐུགས་ནི་ངོ་མཚར་གྱི།། ཡ་མཚན་འཕྲུལ་ཆེན་རབ་འགུག་པ། བྱིང་།
iiif viewer powered by OpenSeadragon
202a - 203a