e-texts navigator
Collection
Volume
Page
Wylie

202a1 སྤོང་བྱེད་པ། ། འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ།། ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ།། ཚངས་གནས་ལྷ་སོགས་སྐྱེ་བའི་རྒྱུ་ཡིན་ནོ།། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ཀྱང་།། རང་རིག་རྟོགས་པའི
202a2 སྐལ་དང་མི་ལྡན་ན། ། ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན།། འདི་ནི་སྐལ་མེད་རིགས་ཆད་ས་ཡིན་ནོ།། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་ཡིས།། བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་།། སོ་སོ་རང་རིག
202a3 བློ་ལ་སྣང་བར་ཟད། ། ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང་།། འཁྲུལ་པའི་བློ་ལོག་རྟོག་པ་ཉིད་སྣང་སྟེ།། དེ་བཞིན་ཉིད་ཀྱི་དབྱིངས་ལ་གྱུར་པ་མེད།། མི་དམིགས་རང་རིག་གོམས་བྱས་བླ་ན་མེད་པའི་མཆོག། ལོག་རྟོག་བདག
202a4 དང་བདག་གིར་འཛིན་གྱུར་ན། ། དངོས་མེད་མི་སྡུག་སྣ་ཚོགས་སྣང་བར་འགྱུར།། ཡང་དག་ཤེས་པའི་རང་རིག་བློ་མེད་ན།། བདེ་བཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་།། ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ནི།། ངན
202a5 སོང་གནས་ཉིད་འོག་མིན་དགའ་ལྡན་གནས། ། ནམ་མཁའི་དབྱིངས་ནི་དེ་ཉིད་བསམ་ཡས་པར།། ཉི་ཟླ་གཟའ་སྐར་མཚན་མ་གློག་འགྱུ་དང་།། འཇའ་ཚེན་སྤྲིན་མ་དེས་སྣ་ཚོགས་འཁྲུགས་གྱུར་ཀྱང་།། ནམ་མཁའི་དབྱིངས་ལ་གྱུར
202a6 ཅིང་ཉམས་པ་མེད། ། མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར། སྐུ་གསུང་ཡོན་ཏན་ཕྲིན་ལས་རྨད་འབྱུང་དང་།། འཇིག་རྟོག་གཙོ་མཆོག་མ་ལུས་ཐམས་ཅད་དང་།། འཁྲུལ་འཁོར་སྡུག་བསྔལ་སྣ་ཚོགས་རྣམ་མ་ང་ཡང་།།
202a7 དེ་བཞིན་ཉིད་ལ་འཕེལ་ཞིང་བྲི་བ་མེད་ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་། རིགས་རྗུད་ཆད་པ་དང་རིགས་བརྒྱད་སོ་སོར་དབྱེ་བའི་མདོར་བཤད་པའི
202a8 ལེའུ་སྟེ་ལྔ་པའོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པཅིག་ཏུ་གྱུར་ནས། མཉམ་པ་ཆེན་པོའི་ཚུ་ལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཆོས་ཐམས་ཅད




iiif viewer powered by OpenSeadragon

201b - 202b

Texts on this page

Q457 - gsang ba'i snying po de kho na nyid nges pa