e-texts navigator
Collection
Volume
Page
Wylie

200a1 སུས་ཀྱང་མི་འཆིང་བཅིངས་མེད་དེ།། བཅིང་བར་བྱ་བ་ཡོད་མ་ཡིན།། རྣམ་རྟོག་བདག་ཏུ་འཛིན་པ་ཡིན།། ནན་གྱིས་མཁའ་ལ་མདུང་བ་འདོར།། བཅིངས་མེད་རྣམ་པར་གྲོལ་མེད་པའི།། ཡེ་ནས་ལྷུན་རྫོགས་ས
200a2 རྒྱས་ཆོས། ། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད།། ཅེས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་སྟེ།
200a3 གསུམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོ་བྱིན་གྱི་རླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བཏོན་ཏོ།།
200a4 བཏོན་ནས་ཀྱང་ལས་ཀྱི་དབང་གིས་སྐལ་གཞི་དང་།། ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ
200a5 བཞིས་འགྲོ་བ་ལྔའི་དོན་མཛད་དེ་ལྟམ་པ་དང་། རབ་ཏུ་འབྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོ་བ་དང་། ཚེ་འཕྲུལ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདས་པ
200a6 ལ་སོགས་པ་སྟོན་པའི་ཐུབ་པ། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དུ་ཀུན་ཏུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱི་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་བསན་པ་དང་། རྫུ
200a7 འཕྲུལ་གྱི་ཚོགས་ཀུན་དུ་དེན་སྤྱོད་པ་དང་། ཐེག་པ་མེད་པས་ཀུན་དུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་དྲུག་དང་། ཀུན་ཏུ་སྲུབསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ
200a8 ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དང་། བསམ་གྱིས་མི་ཁྱབ་བགྲངས་མེད་པར་ཡང་ཕྱོགས་བཅུར་སྣང་བར་གྱུར་ལོ།། དེ་ལྟར་སྣང་བར་གྱུར་ནས་ཇི་སྙེད་པའི་ཐུབ་པ་ཆེན་པོ་སྙིང་རྗེའ




iiif viewer powered by OpenSeadragon

199b - 200b

Texts on this page

Q457 - gsang ba'i snying po de kho na nyid nges pa