| | e-texts navigator
|
1b1 རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཙཏྟ་གུ་ཧྞཛྙཱན་ཨརྦ་གརྦྷ་བཛྲ་ཀྲོ་དྷ་ཀུལ་ཏན་ཏྲ་པོན་ཥཱཪྠ་བྲྀ
1b2 གསིད་དྷི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི
1b3 ས་ཧེས་དོན་གྱི་སྙིང་པོ་ཐོབ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན
1b4 པོའི་མདོ། ། བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག
1b5 གིས་ཐོས་པ་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ
1b6 རྡོ་རྗེ་སེད་ཧེ་རུ་ཀ་གསང་བ་མཆོག་གི་བདག་པོ་བྱིན་གྱིས་རླབས་ཀྱིས་དབང་ཕྱུག། མི་ཟླད་མཛོད་ཀྱི་བཀོད་པ
1b7 ཆེ་བའི་དོན་ལ་དམ་པའི་སྤྱོད་པས་བསྐྱོད་པ་དེ། རྨད་དུ་བྱུང་བའི་དོན་འདི་ཉིད་བཤད་པའི་གནས་གསང་བའི་ཡང
1b8 གསང་བ་ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཐིག་ལེ་བདལ་བའི་ཀློང་། ཡཾ་འབྱམ་རྨད་དུ་གྲགས་པའི་གཞལ
iiif viewer powered by OpenSeadragon
1a - 2a