| | e-texts navigator
|
19a1 བའི་ཕྱིར་དོན་གཉིས་པ་ཞེས་བྱའོ། ། མཚན་ཉིད་གསུམ་གྱིས་སྦྱོར་བའི་ཕྱིར་ཀུན་བརྟགས་འཐུན་པ་ལ་ཡོད་པའི་ཚུལ་དང་། གཞན་དབང་མི་འཐུན་པ་ལ་མེད་པའི་ཚུལ་དང་། རྗེས་སུ་དཔག་པ་གཉི་ག་མ་ཡིན་པའི་ཕྱིར།
19a2 ཚུལ་ཞེས་བྱའོ།། མཁས་པས་ཟིན་པའི་ཕྱིར་ཁད་ཀྱིས་འཇུག་པའི་ཐབས་དང་རྐྱེན་ལ་སྦྱོར་བའི་ཐབས་དང་། མངོན་པར་འཇུག་པའི་ཐབས་དང་། ཐམས་ཅད་རྫོགས་པའི་ཕྱིར་ཐབས་ཤེས་བྱའོ།། རང་བཞིན་ལ་གནས་པའི་རྒྱུའི་ཆོས
19a3 དང་། ལམ་གྱི་ཆོས་དང་། རྟོགས་པའི་ཆོས་དང་། འབྲས་བུའི་ཆོས་ལ་གནས་པའི་ཕྱིར་ཆོས་ཞེས་བྱའོ།། བྱིས་འབྱུང་བར་ཤེས་པའི་ཕྱིར་རྒྱུའི་དྲན་པ་དང་། འབྲས་བུའི་དྲན་པ་དང་སྒྲའི་དྲན་པ་དང་། སྦྱོར་བའི་དྲན་པ་དང་། གནས་ཀྱི་དྲན་པ
19a4 དང་མངོན་སུམ་པའི་དྲན་པ་དང་། རིག་པའི་ཕྱིར་རིག་པ་དྲུག་ཅེས་བྱའོ།། གཞན་གྱི་དོན་དུ་མཛད་ཅིང་འགྲོ་བའི་དོན་ལ་འཇུག་པའི་ཕྱིར་ངོ་བོའི་ཚུལ་དང་། བལྟམ་པའི་ཚུལ་དང་། རོལ་པའི་ཚུལ་དང་། མདའ་དབང་ཆེན་པོའི་ཚུལ་དབཟ
19a5 བར་གྱུར་པའི་ཚུལ་དང་། དཀའ་ཐུབ་ཆེན་པོའི་ཚུལ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། འཁོར་ལོ་བསྐོར་བ་དང་། བདུད་བཏུལ་བའི་ཚུལ་དང་། ཆོ་འཕྲུལ་སྟོན་པའི་ཚུལ་དང་། མྱ་ངན་ལས་འདས་པའི་ཚུལ་གྱི་ཕྱིར་མཛ
19a6 པ་ཆེན་པོ་ཞེས་བྱའོ། ། སྣ་ཚོགས་སུ་འཕྲུལ་པའི་ཕྱིར་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། སྣང་བའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་རྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། བསམ་གཏན་གྱི་ཚེ་འཕྲུལ
19a7 དང་བྱིན་རླབས་ཀྱི་ཆོ་འཕྲུལ་དང་། སྐྱེ་བའི་ཚེ་འཕྲུལ་དང་། སྟོབས་ཀྱི་ཆོ་འཕྲུལ་དང་། ཡོན་ཏན་གྱི་ཆོ་འཕྲུལ་དང་། འབྲས་བུའི་ཚེ་འཕྲུལ་དང་། དེ་ཕྱིར་ཆོ་འཕྲུལ་ཞེས་བྱའོ།། ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པའི་ཕྱིར་ནང་གི་ཆོས
19a8 ན་ཤེས་པ་དང་ཕྱིའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། སྟོང་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། དོན་དམ་པའི་ཆོས་ཉིད་ཤེས་པའི་ཡེ་ཤེས་དང་། འདུས
iiif viewer powered by OpenSeadragon
18b - 19b