e-texts navigator
Collection
Volume
Page
Wylie

199b1 དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ཤེས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང།། སྐྱེ་བ་མེད་ལག་ཐམས
199b2 ཅད་སྐྱེས། ། སྐྱེས་པ་ཉིད་ནི་སྐྱེ་བ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགག་པ་མེད་ལས་ཐམས་ཅད་འགགས།། འགག་པ་ཉིད་ནི་འགག་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱིས
199b3 ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། གནས་པ་མེད་ལས་ཐམས་ཅད་ནས།། གནས་པ་ཉིད་ན་གནས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གས་པ།། དམིགས་པ་མེད་ལས
199b4 ཐམས་ཅད་དམིགས། ། དམྱིགས་པ་ཉིད་ནི་དམིགས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགྲོ་འོད་མེད་ལས་འགྲོ་དང་འོད།། འགྲོ་འོང་ཉིད་ན་འགྲོ་འོང་མེད།། ཅེས་བརྗོད
199b5 པས་དེ་བཞིན་གཤེགས་པ་ཐམས་ཅད་དང་བཙུན་མོའི་ཚོགས་ཐམས་ཅད་སྐྱེས་པས་ཁྱབ་པར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དེ།
199b6 ཨེ་མའོ་ཡི་ནས་གསང་བའི་ཆོས།། སྣ་ཚོགས་སྟོང་ལ་རང་བཞིན་གསང་།། ངོ་བོ་ཉིད་ཀྱིས་རབ་ཏུ་གསང་།། གཞན་དུ་ནི་ཡང་ཤིན་ཏུ་གསང་།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་ནས་སངས་རྒྱས་པའི་ད
199b7 ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ན། ། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལ་འགྲོ་བ་ལྔའི་རིགས་བསམ་གྱི་མི་ཁྱབ་པར་སྨིན་པ་ལ་ཐུགས་རྗེ་ཆེན་པོའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཆེད་དུ
199b8 བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་བད་གཤེགས་སྙིང་པོ་ལས།། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ།། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་།། གནས་དང་སྡུག་བསྔལ་ལ་སོགས་པ།། བདག་དང་བདག་གིས་སོ་སོར་འཛིན།།




iiif viewer powered by OpenSeadragon

199a - 200a

Texts on this page

Q457 - gsang ba'i snying po de kho na nyid nges pa