e-texts navigator
Collection
Volume
Page
Wylie

199a1 བུའི་གཏེར་འབྱིན་པ། ། གསད་འདུ་འབུལ་གྱི་ལྡེག་མིག་གིས། རྣམ་པར་ཐར་པའི་སྒོ་ཕྱི་ནས།། བྱང་ཆུབ་མཆོག་གིས་ནང་གཏན་དགྲོལ།། མཉམ་སྦྱོར་པད་མའི་གདན་ལ་བཞུགས།། འགྲོ་དེན་བྱང་ཆུབ་སེམས་བསྐྱེད་ནས
199a2 འགྲོ་ལྔ་སྐྱེ་ཞིང་དབང་དུ་བསྡུས། ། སྐུ་གསུང་ཐུགས་གནས་དབང་བསྐུར་ཏོ།། ཞེས་བརྗོད་པས་ཐམས་ཅད་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་ཉིད་དུ་གསལ་བར་གྱུར་ཏོ།། ཞུགས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་མ་ལུས
199a3 པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་དེ་བཞི་ག་ཤེགས་པ་ནི་དེ་ཅིཞི་ཤེགས་པ་ཞིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི།། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། སྐྱེ་མཆེད་ཁམས་རྣམས་མང
199a4 པོ་ཀུན། ། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད།། ས་ཆུ་སྨན་དང་མཱ་མ་ཀཱི།། མེ་རླུང་གོས་དཀར་སྒྲོལ་མ་སྟེ།། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ།། སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་།། ཐམས་ཅད་མ་ལུས་ཆོས་སོ།།
199a5 ཅོག། སངས་རྒྱས་ཉིད་ལས་གཞན་པ་ཡིན།། སངས་རྒྱས་ཉིད་ལས་གཞན་པའི་ཆོས།། སངས་རྒྱས་ཉིད་ཀྱིས་མི་རྙེད་དོ།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་འགྱུར་ཏོ།། དེ་ནས་བཙུན་མོ
199a6 བྱ་བ་མོ་ཚེས་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་དུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་ཕྱོགས་བཅུའི་སྟོང་ཁམས་ཡེ་ཤེས་དབེན།། སྲིད་པ་གསུམ་ཉིད་དག
199a7 པའི་ཞིང་། ། སྙིགས་མ་ལྔ་ཉིད་བདེ་ལྡན་ནས།། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས།། ཐམས་ཅད་མཆོག་གི་སྙིང་པོ་བས།། གཞན་དུ་རྒྱལ་བས་ཆོས་མི་འཚལ།། ཉིད་ལས་གཞན་ཞེས་བྱ་བའི་ཆོས།། བཙལ་ཀྱང་རྒྱལ་བས
199a8 མི་རྙེད་དོ་ཞེས་བརྗོད་པས་ཐམས་ཅད་ཡནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་བསླད་པའི་ལེའུ་སྟེ་གཉིས་པའོ།།




iiif viewer powered by OpenSeadragon

198b - 199b

Texts on this page

Q457 - gsang ba'i snying po de kho na nyid nges pa