e-texts navigator
Collection
Volume
Page
Wylie

197b1 སུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅ་དང་སོ་སོ་མ་ཡིན་ཐ་མི་དང་དབྱེར་མེད་པའི་རང་བཞིན་ཏེ། ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་མོ
197b2 ཁྱབ་པར་གསལ་བ་ལ་ཡེ་ཤེས་རིན་པོའི་སྣ་ཚོགས་འབར་བའི་གཞལ་ཡས་ཁང། ། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ།། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ།། ལྷག་པའི་ཡེ་ཤེས་རིན་པོ་ཆེའི
197b3 བློ་བུར་གྱིས་མཛེས་པ། ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་ཅིག་པའི་ཡེ་ཤེས་ཀུན་དུ་འཁྱིལ་པ།། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རིན་པོ
197b4 ཆེ་དབྱིབས་དང་ཁ་ཏོག་ལ་སོགས་སྟེ། ། རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པའི་ཚད་དཔག་ཏུ་མེད་པ།། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་།། ཆུན་འཕྱང་དང་ཤར་བུའི་རྒྱན་དང་།། གཟུགས་སྣ་ཚོགས་དང་།
197b5 སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ།། མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་ཀླུབས་པ།། རྣམ་པར་ཐར་པ་བཞི
197b6 སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ཀྱི་རྟབབས་དང་ལྡན་པའི་བྱི་དང་ནང་མེད་པར་ཀུན་དུ་ཡང་ནང་དུ་གྱུར་པ་ནི་མི་འཇིགས་པ་སེང་གེའི་ཁྲི་དང་།། སྟོབས་ཀྱི་གླང་པོའི་ཁྲི་དང་། རྫུ་འཕྲུལ་གྱི་རྟའི་ཁྲི་དང་། དབང་གི་རྨ
197b7 བྱའི་ཁྲི་དང་། ཐོགས་པ་མེད་པའི་ནམ་མཁའ་ལྡིང་གི་ཁྲི་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། གོས་པ་མེད་པ་པད་མ་རིན་པོ་ཆེའི་གདན་ལ་སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཡང་ཞལ
197b8 ཐལ་ལེ་བར་གསལ་ཞིང་། ། མཚན་དང་དཔེ་བྱད་དུ་ལྡན་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་དུ་སྣང་བ། ལྷུན་གྱིས་གྲུབ་པའི་སྐུ་གསུང་ཐུགས་ཆེན་པོ་ལས་ཐབས་ཤེས་རབ




iiif viewer powered by OpenSeadragon

197a - 198a

Texts on this page

Q457 - gsang ba'i snying po de kho na nyid nges pa