e-texts navigator
Collection
Volume
Page
Wylie

17b1 ལམ་འདི་ཡོངས་སུ་ཤེས་པར་བྱའོ།། དེ་བཞིན་དུ་འདོད་པ་ཆེན་པོ་ཞེས་ཀྱང་བྱའོ།། ཚོ་བ་ཆེན་པོ་ཞེས་བྱ་བ་དང་། ལོངས་སྤྱོད་ཆེན་པོ་ཞེས་བྱ་བ་དང་། ཡོ་བྱད་ཆེན་པོ་ཞེས་བྱ་བ་དང་། རྒྱུ་ཞེས་བྱ་བ་དང་། རྐྱེན་ཞེས་བྱ་བ་དང་། འབྲས་བུའི
17b2 བྱ་བ་དང་སྤྱོད་པ་ཞེས་བྱ་བ་དང་། ཆོ་འཕྲུལ་ཞེས་བྱ་བ་དང་། ཕྱག་རྒྱ་ཞེས་བྱ་བ་དང་། བསྙེན་པ་ཞེས་བྱ་བ་དང་། ཉེ་བའི་བསྙེན་པ་ཞེས་བྱ་བ་དང་། བསྒྲུབ་པ་ཞེས་བྱ་བ་དང་། བསྒྲུབ་པ་ཆེན་པོ་ཞེས་བྱ་བ་དང་། ཚོགས་ཆེན་པོ་ཞེས་བྱ་བ་དང་།
17b3 ཀུན་དུ་རྫོགས་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཡུལ་ལ་འདོད་པ་སྣ་ཚོགས་པ་དང་། དམིགས་པས་འཚོ་བ་དང་། འཇོལ་ཏོག་ཏུ་སྤྱོད་པ་དང་། དགོས་པ་སྒྲུབ་པ་དང་། འབྲས་བུར་བྱེད་པ་དང་། ཀུན་དུ་ལོག་པ་དང་། དོན་གྲུབ་པ་དང་།
17b4 སྨིན་པར་བསགས་པ་དང་། རང་བཞིན་དུ་གྱུར་པ་དང་། བྱ་བ་བྱེད་པ་དང་། སྣ་ཚོགས་སུ་འབྱུང་བ་དང་། མཚན་མར་བསྟན་པ་དང་། རྣམ་པར་འདུད་པ་དང་། ཤིན་དུ་མཛད་པ་དང་། འདོད་པ་བྱེད་པ་དང་། ལྷག་པར་འདོད་པ་དང་། ཀུན་དུ་འབྱོར
17b5 བ་དང་། ལྷུན་གྱིས་གྲུབ་པའི་ཕྱིར་ཡོངས་སུ་ཤེས་པར་བྱའོ།། གཞན་ཡང་འདུས་པ་ཆེན་པོའི་ཚོགས་འདི་ལ་ནི་ཐམས་ཅད་ཡོད་དེ། ཆོས་ཐམས་ཅད་ནི་རྣལ་འབྱོར་རྣམ་པ་གསུམ་དུ་འདུས་པར་ཤི་བར་བྱའོ།། གསུམ་གང་ཞེ་ན།
17b6 ཆུའི་རྣལ་འབྱོར་དང་། རྐྱེན་ཀྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་རྣམ་པ་གསུམ་ཡང་འདི་ཉིད་ཡིན། ཞིང་འདི་ལས་འབྱུང་བར་ཤེས་པར་བྱ་ཏེ། དེ་ཡང་ཇི་ལྟར་ཞེ་ན། རྒྱུ་ནི་འཁྲུལ་པ་གཅིག་ཤེས་ཏེ་ཆུབ་པར་འདོད་པས
17b7 ཀྱང་ལམ་འདི་ཉིད་ཤེས་པར་བྱའོ། ། དེ་བཞིན་དུ་མཚན་མ་གཉིས་དང་། རྟོགས་པ་གསུམ་དང་། ལོག་པ་བཞི་དང་། ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔ་དང་། དབང་པོ་ལྔ་དང་། རྒྱུ་དྲུག་དང་། རྐྱེན་བཅུ་གཉིས་དང་། སྐྱེ་བ་བཅུ་གཉིས
17b8 དང་རང་བཞིན་བཅཝ་བརྒྱད་དང་། སྤྱོད་པ་བཅུ་གཅིག་དང་། སྨིན་པ་བཞི་དང་ལམ་ལྔ་དང་། གནས་དྲུག་དང་། མུ་གསུམ་ཤེས་ཏེ་ཆུབ་པར་འདོད་པས་ཀྱང་ལམ་འདི་ཉིད་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདོད་པའི་འབྲས་བུའི།




iiif viewer powered by OpenSeadragon

17a - 18a

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo