e-texts navigator
Collection
Volume
Page
Wylie

16b1 རྟོགས་པའི་ཆོས་རྣམས་ལ། ། ཡིད་མི་ཆེས་པའི་འདུ་ཤེས་སྐྱེ།། ཆོས་རྣམས་འདི་ལྟར་ཡིན་པ་ལས།། འདི་ལྟར་འཁྲུལ་པ་ངོ་མཚར་ཆེ།། ཡ་མཚན་དཔྱོད་པའི་འདུ་ཤེས་འབྱུང་།། འདི་དོན་མ་ཤེས་འགྲོ་བ་རྣམག་ལ་གྲུ་བ་དག་པའི
16b2 ཐབས་ཆེན་གྱིས། ། ཡང་དག་དོན་ཚོལ་ལམ་རེ་རིང་།། བསགས་པའི་འབྲས་བུ་ཡོད་འགྱུར་ཡང་།། དོན་དེ་མཐོང་བར་ཡོད་མི་ནུས།། དེ་འདྲའི་འདུ་ཤེས་འབྱུང་བར་འགྱུར།། དེ་ལྟར་ཤེས་པའི་ཉམས་དྲོད་ནི།། སྐལ་དང་ལྡན་པའི་སྐྱེས
16b3 བུ་གང་། རྒྱུད་འགྲོས་ཚིགགིས་མ་ཀྲོལ་བར།། སེམས་ལས་ཆོས་བྱུང་འབུམ་ཕྲག་ཡས།། སྨྲ་བའི་སྒོ་མོར་ཐམས་ཅད་གསལ།། དོན་ལ་ངེས་པའི་གཏན་ཚགས་དག། ཚིག་ཏུ་མཚོན་ཏེ་འབྱིན་པར་ནུས།། དེ་ནི་ཆོས་སྐུ་མཉམ་ཉིད་དང་།
16b4 དབྱེར་མེད་གཉིས་སུ་མེད་པ་ཡིན།། བརྟེན་པའི་གསུང་ཐུགས་སུ་བརྙན་དང་།། དེ་ནི་མཚུངས་པ་ཡོད་མིན་ནོ།། ཞི་ལུས་མཐར་འགོག་རྐྱེན་གཉིས་དང་།། དེ་ནི་མཚུངས་པ་ཡོད་མ་ཡིན།། ས་ལ་སློབ་པའི་སེམས་དཔའ་དང་།། དེ་ཡང
16b5 མི་ཚུགས་རྒྱལ་བས་གསུངས། ། རིག་འཛིན་དྲང་སྲོང་དོན་དཔྱོད་དང་།། ལུས་འདྲ་སེམས་ནི་ཡོད་མི་ཚུངས།། དེ་ཕྱིར་རྣམ་དག་ལམ་ཆེན་ནི།། སེམས་ཀྱི་གསང་འདི་ཡིན་པས་ན།། སྐལ་ལྡན་འདུས་པ་ཆེན་པོའི་ཚེགས།། ལམ་འདི
16b6 ཤེས་པར་བྱ་བ་ལས། ། བཙལ་བར་བྱ་བའི་རྒྱུ་མེད་དེ།། ལམ་འདི་ཤེས་པ་དེ་ཉིད་ཀྱིས།། དཀའ་བའི་བརྩོན་སྒྲུབ་མ་བྱས་པར།། ཐམས་ཅད་ཐམས་ཅད་གྲུབ་པར་འགྱུར།། འདུས་པ་ཆེན་པོའི་ཚོགས་དེ་བས་ནི། སེམས་འདི་ནི་ལམ
16b7 ཞེས་བྱལོ་འཁོར་བ་ཞེས་བྱའོ། ། སེམས་ཅན་ཞེས་བྱའོ།། གྲུ་ཞེས་བྱའོ།། བགྲོད་པ་ཞེས་བྱའོ།། བྱང་ཆུབ་ཅེས་བྱའོ།། སེམས་ཞེས་བྱའོ།། ཤེས་རབ་ཅེས་བྱའོ།། ཏིང་ངེ་འཛིན་ཅེས་བྱའོ།། གནས་ཤེས་བྱའོ།། རབ་ཅེས་བྱའོ།། མཆོག་ཅེས་བྱའོ།།
16b8 ཕུལ་ཞེས་བྱའོ།། བླ་ན་མེད་པ་ཞེས་བྱའོ།། ཟབ་པ་ཞེས་བྱའོ།། གསང་བ་ཞེས་བྱའོ།། གཏིང་དཔག་དཀའ་བ་ཞེས་བྱའོ།། ཆོས་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། སངས་རྒྱས་ཤེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འཇུག་པའི་ཕྱིར་ནི




iiif viewer powered by OpenSeadragon

16a - 17a

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo