e-texts navigator
Collection
Volume
Page
Wylie

16a1 ནས་འདས་ཚོལ་བ། ། གཟུགས་བཏང་ནས་ནི་གྲིབ་ཚོལ་འདྲ།། ལམ་ཉིད་ཇི་ལྟར་ཡིན་ཞེ་ན།། མ་རིག་ཡེ་ཤེས་ཐ་དད་མིན།། མ་རྟོགས་རྟོགས་པ་ལམ་དུ་གཅིག། སེམས་འདི་སྣ་ཚོགས་པར་སྣང་བས།། སྣ་ཚོགས
16a2 སེམས་སུ་གཅིག་པ་ཡིན། ། དཔེར་ན་གསེར་དུ་གཅིག་པ་ལས།། དབྱིབས་དང་གཟུགས་ནི་ཐ་དད་པར།། བྱིས་པས་སོ་སོའི་མིང་དུ་གྲགས།། གྲགས་ཀྱང་གསེར་གྱི་ངོ་བོར་གཅིག། དེ་བཞིན་སེམས་ཀྱི་རང་བཞིན་ལ།། འཁྲུལ
16a3 དང་མ་འཁྲུལ་ཁྱད་པར་གྱིས། ། ཇི་ལྟར་བལྟས་དགུ་དེར་སྣང་ཡང་།། སྣང་ཡང་སེམས་ལས་གཞན་མི་དམིགས།། སྒྲོན་མར་འབར་བའི་རིན་ཆེན་ནི།། གལ་ཏེ་ངན་ཁུང་སྦས་གྱུར་ཀྱང་།། དེ་ཉིད་ཡོན་ཏན་རང་སྣང་བས།། འོད་ནི
16a4 མཁའ་ལ་གསལ་བར་འགྱུར། ། དེ་བཞིན་སེམས་ཉིད་རིན་ཆེན་སྒྲོན།། ལུས་དག་འཁོར་བར་བྱིང་གྱུར་ཀྱང་།། རང་བྱུང་རང་ཞི་རབ་སྣང་བས།། ཤེས་རབ་ཆོས་ཉིད་མཁའ་ལ་གསལ།། སེམས་ཉིད་ནམ་མཁའ་འདྲར་མཚུངས་ཏེ།
16a5 ཀུན་ཁྱབ་སྟོང་གསལ་སྣ་ཚོགས་འབྱུང་།། བྱུང་ཚོར་གཡོ་འགོག་ཐམས་ཅད་ཀྱང་།། རང་བཞིན་གྱིས་འབྱུང་དང་གིས་ཞི།། མདོར་ན་ཇི་ལྟར་བརྟགས་བསམས་བཞིན།། འགྱུར་བས་ཐམས་ཅད་ངོ་བོར་སྣང་།། མ་གཅེས་གས
16a6 པ་མེད་ཉིད་ལ། ། སྣ་ཚོགས་རྒྱུ་འབྱུང་མེ་སྐྱོན་ཞིང་།། ཆོ་འཕྲུལ་མི་འགག་ཉམ་ང་མེད།། ཅི་བཞིན་ནམ་མཁའི་རང་བཞིན་ལ།། བློ་བཞག་མ་གཡེངས་ཁོ་ནར་ཟད།། དེ་ནི་སྐྱེས་མཆོག་དོན་པོ་ཆེ།། དེ་སེམས་དུས་གསུམ་ཐམས
16a7 ཅད་ཀྱི། སངས་རྒྱས་འབྱུང་བའི་ངོ་བོ་ཡོན།། དེ་ལྟའི་དོན་ལ་རིང་ཞི་གནས།། ཤེས་ཤིང་འདྲིས་པར་གྱུར་པ་ན།། དེས་དོན་མཐོང་བའི་ཉམས་དྲོད་ནི།། དོན་དང་མཇལ་བའི་རྟོགས་ཆེན་ཡང་།། མན་ངག་ལུང་གིས་བརྒྱད་འར་ཏེ།
16a8 ངེས་པར་དོན་གསུམ་མྱོང་བར་འགྱུར།། དེ་དག་ཐོག་ཏུ་ཕེབས་པ་ཡིན།། དྲོང་ཆེན་རྟགས་སུ་བསྟན་པ་ཡིན།། དེ་ཡི་ཞར་ལས་བྱུང་བའི་དྲོད།། འཁོར་བའི་ཆོས་ལ་སྙིང་རྗེ་ཡི།། བྱང་ཆུབ་སེམས་ཀྱང་སྐྱེ་བར་འགྱུར།། མཚན་མ




iiif viewer powered by OpenSeadragon

15b - 16b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo