| | e-texts navigator
|
14a1 དམིགས་ན། བྱུང་ཚོར་འཛིན་པར་ག་ལ་འགྱུར།། ཐམས་ཅད་མི་གནས་བྱང་ཆུབ་པས།། བརྣལ་ནས་གྲུབ་པ་མ་ཡིན་ཡང་།། སྒྱུམ་སངས་ནས་འཁྲུལ་བྲལ་བཞིན།། སྤྲོས་བྲལ་ཡེ་ཤེས་སྙིང་པོར་གནས།། འཁོར་བ
14a2 རྟོགས་པ་དྲུག་ཡིན་ཏེ། ། འཁོར་བའི་སྡུག་བསྔལ་མི་ཤེས་ན།། དུག་འཐུངས་བདེ་བ་ག་ལས་འོང་།། སྦྱོར་ལེགས་དུག་ཉིད་སྨན་དུ་འགྱུར།། འཁོར་བའི་ལས་རྣམས་དེ་ལྟར་སྣང་།། འཁྲུལ་སྣང་རུག་གཟེར་བཟོད་དཀའ་ལྟར།། མ་རིག
14a3 འཁོར་བའི་སྡུག་བསྔལ་སྣང་། ། རྨི་ལམ་སྒྱུ་འཕྲུལ་མི་ཟད་པས།། ཤིན་དུ་ཉམས་ཐག་གདུངས་པའི་ཚེ།། འཆི་བདག་བདུད་ཀྱིས་ཟིན་འདྲ་ལ།། མགོན་བཙུན་གཞན་གྱིས་མི་ཕན་ཏེ།། བདུད་སེལ་རྩི་དང་འདྲ་བར་ནི།། ཡང
14a4 ངག་ལམ་མཆོག་རྟོགས་པར་བྱ། ། དྲུག་ནད་སྤྲོ་སངས་འབྱང་བ་ལ།། སྐད་ཅིག་མ་ལ་མི་བཟོད་ཅིང་།། སྨན་དང་སྨན་པའི་རྩོལ་གྲུབས་པ།། སངས་ནས་དེ་དག་མི་དམིགས་ལྟར།། འཁོར་བ་མི་དམིགས་འཁྲུལ་བ་ལ།།
14a5 རྨི་ལམ་ནང་སེལ་རྩོལ་སྒྲུབ་ལྟར།། སྒྲུབ་དང་ཏིང་འཛིན་རྩོལ་བྱེད་ཀྱང་།། འཁོར་བ་བསྟོད་རྟོགས་ཉིད་བྱང་ཆུབ།། རྒྱུ་མ་རྒྱུ་འབྲས་མི་སྐུ་བཞིན།། བླུན་རྨོངས་ངོ་ལ་དེ་ལྟར་སྣང་།། མཉམ་ཉིད་རིག་པའི་རྩལ་ཅན་དག། འཁོར་བ
14a6 འཁྲུལ་པའི་ཚིག་ཙམ་དུ། ། མ་ནོར་ལམ་རིག་བློ་ལ་གསལ།། དེ་ལ་རྩོལ་ཐོབ་རློམ་སེམས་མེད།། སེམས་ཉིད་དོན་དང་མ་མཉམ་ན།། ཚིག་གིས་མཉམ་པས་དོན་མི་དཔོགས།། འཁྲུལ་འཁོར་མཉམ་ལས་མ་གཡོས་ཀྱང་།།
14a7 ལོག་རྟོག་སྒྱུ་མའི་ཚུལ་ཙམ་སྣང་།། སེམས་ཉིད་ཡེ་སངས་རྒྱས་རིག་ནས།། རིག་པའི་དོན་ལ་བརྩོན་སྦྱོར་ཞིང་།། རང་འབྱུང་ཡོན་ཏན་སྩལ་སྡུད་པ།། འཁྲུལ་པར་འབྲེལ་པ་ག་ལ་ཡིན།། བྱང་ཆུབ་སེམས་ལྡན་པས་ན་རྫོགས་ན
14a8 ཡེ་ཤེས་མཆོག་ལྡན་མཉམ་ཉིད་སྐུ། ། ཏིང་འཛིན་མཆོག་ལྡན་བླ་མའི་དབང་།། དགེ་བསགས་མཆོག་ལྡན་ལུས་སྤྱོད་པའི།། བསོད་ནམས་མཆོག་ལྡན་གཟུགས་ཀྱི་སྐུ།། རྣམ་སྨིན་ཚུལ་གྱིས་གྲུབ་མི་ལྟ།། བརྩལ་ནས་ཐོབ་པར
iiif viewer powered by OpenSeadragon
13b - 14b