e-texts navigator
Collection
Volume
Page
Wylie

13a1 པའི་རང་བཞིན་ཡིན། ། དེ་ལ་ངོ་མཚར་ཆེ་མེ་འབྱུང་།། སེམས་ཀྱི་ཆུ་གས་ལ་ནམ་མཁའ་ལ།། ཉོན་མོངས་སྤྲིན་གྱི་རྙོག་མེད་ན།། དངོས་གྲུབ་ཉི་ཟླ་སྐར་ཚོགས་བཀྲམ།། སྒྲིབ་མེད་བྱིན་རླབས་དང་གིས་འཆང་།། ཀུན་གན།
13a2 ནམ་མཁའི་སྙིང་པོ་དེ།། ཉོན་མོངས་སྤྲིན་གྱིས་གཏིང་སྤངས་པ།། ཤེས་རབ་རླུང་གིས་མ་གཏོང་བར།། གཞམཁན་གྱི་སྤྲོ་འདྲ་ཡིས།། སྒྲིབ་གས་ལ་ཆོས་ཉིད་གསལ་འདོད་པ།། ཇི་ལྟར་ཆུས་གཤེར་བྱིས་པ་དག། ཉིས་སྦྱིན་ལྡན
13a3 གྲབ་མ་ཡིས། ། ཤིན་དུ་སྒྲིབས་པར་གྱུར་པ་ན།། སྤྲིན་ཆེན་འདུས་པའི་ཕུང་པོ་ལ།། ཁ་ཡི་དབུགས་ཀྱི་བུས་བྱས་ན།། སྤྲིན་བསལ་ཉི་འོད་གསལ་འདོད་འདྲ།། དེ་ཕྱིར་རྣལ་འབྱོར་དབང་ཕྱུག་གིས།། སེམས་ཉིད་དོན་ལ་རྣམ་བརྟགས་ཏེ།
13a4 ཀུན་གཞི་རྩ་བ་ཤེས་པར་བྱ།། སེམས་ཉིད་དེ་ལ་བལྟས་གསལ་བ།། རྩ་བ་དང་ནི་གང་ལྡན་པ།། དུས་དང་ཚིགས་དང་ལོར་གྱུར་ཡང་།། ཡལ་ག་ལོ་འདབ་འབྲས་བུར་བསྐྲུན།། རྩ་བའི་ས་བོན་མེད་མི་འགྱུར།། ཅི་ལྟར་སྦྱོར་བའི
13a5 རྣལ་འབྱོར་རྣམས། ། ནན་གྱིས་མཚན་པའི་དངོས་གྲུབ་དག། བྱས་པའི་སེམས་ཀྱིས་བླང་འདོད་ན།། དེ་ཡང་མཚན་མས་དེ་རངས་འགྱུར།། དཔེར་ནི་མ་ཡི་རང་བཞིན་དག། ས་དང་ནགས་ཚལ་སྲེག་བྱེད་པ།། རྒྱུ་རྣམས་ཚོགས་པ
13a6 བདེན་པ་ལས། ། མེད་ལས་ཡོད་པའི་བདེན་པར་སྣང་།། དེ་ལྟར་མཚན་མའི་རྣལ་འབྱོར་ཡང་།། མཚན་མའི་ཆོ་འཕྲུལ་ཐོབ་འདོད་པ།། མཚན་མའི་རྒྱུ་རྣམས་ཚོགས་པ་ལས།། མཚན་མར་རངས་པའི་མཚན་མར་སྣང་།། ཤིན་ཏུ
13a7 སྐར་མ་རྒྱལ་རྣམས་ལ། ། བྱང་ཆུབ་སྤྱོད་པ་ཆར་སྤྱོད་པའི།། དམ་པའི་དོན་ལ་ཆེར་དམིགས་པས།། གསང་མཆོག་རིག་པའི་དངོས་གྲུབ་མྱུར།། མཚན་མར་མི་རྟོག་རང་བཞིན་གྱིས།། ཟབ་མོའི་དོན་ཆེན་གོ་བ་ནི།། ངེས་པ་འདོན
13a8 གྱིས་ཐག་གཅད་དེ། ། མཉམ་པའི་དོན་ལ་ཡིད་ཆེས་བྱ།། ཇི་ལྟར་མཁའ་ལི་ཚིག་ཙམ་དུ།། ངང་དུ་བརྗོད་པས་རྗོད་བྱེད་ཀྱི།། བརྗོད་པའི་ཐ་སྙད་དང་བྲལ་བས།། ཇི་ལྟར་འཁྲིགས་ཀྱི་སྨིག་རྒྱུ་དག། སྣང་བ་ཉིད་ན་མེད་པ་ལྟར།




iiif viewer powered by OpenSeadragon

12b - 13b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo