| | e-texts navigator
|
129a1 མ་བྱས་ན། ། རང་གི་ཁས་བླངས་མནས་པོར་བཞིན།། རལ་མྱགས་ཚིག་ནས་དམྱལ་བར་འགྲོ།། རྣལ་འབྱོར་དམ་ལ་གནས་གྱུར་པའི།། ལས་རྣམས་ཡོངས་སུ་བྱ་བ་དང་།། འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས།། པྲ
129a2 མེན་མ་ཡང་དངོས་གྲུབ་ཐོབ། ། བཅོལ་བའི་ལས་རྣམས་མངོན་དུ་བྱོས།། ཞེས་བསྒོའོ།། ཁྲོ་བོ་བསྒྲུབ་པའི་ལས་ཀྱི་གཙོ་བོ་འདི་ཡིན་ནོ།། ཁྲག་འཐུང་ཆེན་པོ་ལ་སོགས་པའི།། བྲོ་གར་གླུ་ཆག་ཆེན་པོ་ཡིས།། ཐམས་ཅད་ཐམས་ཅད་ཅི
129a3 འདོད་པར། ། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། མཛོད་ལྷ་ཆེན་པོ་ལ་སོགས་པའི།། བྲོ་གར་གླུ་ཚིག་ཆེན་པོས་ནི།། ཐམས་ཅད་ཀུན་ལ་ཟ་བར་བྱེད།། རྡུལ་ཆ་ཙམ་ཡང་མེད་པར་བྱེད།། འདྲ་བར་འདོད་ན་འདུ་བར་བྱེད།། འཕེལ
129a4 བར་འདོད་ན་འཕེལ་བར་བྱེད། ། ལྦོས་མོ་ཆེན་མོ་ལས་སོགས་པའི།། བྲོ་གར་གླུ་ཚིག་ཆེན་པོས་ནི།། ལྷན་ནེར་འདོད་ན་ལྡན་ནེར་བྱེད།། རྨུགས་པར་འདོད་ན་རྨུགས་པར་བྱེད།། སེང་གདོང་ཆེན་མོ་ལ་སོགས་པའི།། བྲོ་གར་གླུ་ཚིག་ཆེན
129a5 མོས་ནི། ། ཐམས་ཅད་ཀུན་ལ་ཟ་བར་བྱེད།། རྡུལ་ཆ་ཙམ་ཡང་མེད་པར་བྱེད།། བཞད་གདོང་ཆེན་མོ་ལས་སོགས་པའི།། བྲོ་གར་གླུ་ཚིག་ཆེན་མོས་ནི།། ཐམས་ཅད་ཀུན་ལ་བྱིན་པར་བྱེད།། ཀུན་ལ་རབ་ཏུ་ཉམས་པར་བྱེད།། སླས་དང་བྱི
129a6 མོ་བྲན་མོ་ཡི། ། བྲོ་གར་གླུ་ཚིག་ཆེན་མོས་ནི།། སྤྲད་ཅིང་གཏང་བར་བྱ་བ་སྟེ།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ལྗོན་པ་དང་ནི་ལྕུག་ཕྲན་ཚལ།། གདོང་ཅིག་མ་དང་མེ་རེག་དྲུག། དང་བའི་དགའ་བས་ཆགས་པ་དང་།། ཁྲོས་པས་ཀ
129a7 ལི་རབ་ཏུ་བྱ། ། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ཀྱིས་སྦྱོང་བར་གྱུར་ཏོ།། གསེང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ལྷུན་གྱིས་གྲུབ་པ་ཕྲིན་ལས་བྱིན་གྱིས་བརླབས་པའི་ལེའུ་སྟེ།། ཉེ་ཤུ་པའོ།།
129a8 དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་དུ་རྔམ་པའི་གདདས་ཀྱིས་ཀླུ་འདི་བླངས་སོ།། ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར།། འོད་ཟེར་ཉི་མའི་བུམ་གྱིས་གཟི།། ཁྲོ་གཉེར་གློག་སྟོང་འགྱུ་བ
iiif viewer powered by OpenSeadragon
128b - 129b