| | e-texts navigator
|
127b1 ཀྱང་སྐྱེས་བུའི་ལོ་རྟོགས་ཙམ། ། བདེན་པ་གཉིས་ཀར་དབྱེར་མེད་པས།། འཕྲུལ་དགའ་ཚུལ་ཏེ་ཐ་དད་མེད།། གཞན་དང་མ་བྱིན་མེད་པའི་ཕྱིར།། བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས།། ཆོས་རྣམས་སྒྱུ་མ་ལྟ་བུ་ལ།། མིང་དང
127b2 ཚིག་ཏུ་བརྟགས་པ་བརྫུན། ། བརྫུན་ཉིད་ལ་ནི་བརྫུན་སྤྱོད་པ།། བརྫུན་ཞེས་བརྟགས་ཙམ་ཡོད་མ་ཡིན།། མ་ཆགས་པ་ལ་ཆགས་པ་དང་།། ཆགས་པ་ཉིད་ན་ཆགས་པ་མེད།། དེ་ནི་ཚངས་མཆོག་རྒྱལ་པོ་སྟེ།། ཤིན་དུ་ཆག
127b3 པ་ཆེན་པོ་ཡིན། ། བླ་མ་མི་སྤང་བླ་མ་བཀུར།། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད།། ཡང་དག་ལམ་དུ་ཞུགས་ལ་བྱམས།། གསང་བའི་དོན་ཕྱིར་སྨྲ་མི་བྱ།། འདི་ནི་རྩ་བ་ལྔ་རྣམས་ཏེ།། བསྒྲུབ་དང་བསྲུང་བའི་དམ་ཚིག
127b4 མཆོག། གཏི་མུག་ཆགས་དང་ཞེ་སྡང་དང་།། ང་རྒྱལ་ཕྲག་དོག་མི་སྤང་།། དཀར་རྩི་དམར་རྩི་དྲི་ཤ་ཆེན།། དག་པའི་སྣོད་བཅུད་མི་དོར་རོ།། ཡན་ལག་བཅུ་ཡི་དམ་ཚིག་ཏེ།། ཡེ་ནས་དག་མཉམ་རྟོགས་པས་སྤྱད།། བསྲུང་ཞིང
127b5 བསྒྲུབ་པའི་དམ་ཚིག་ལྔ། ། རྩ་བ་ཡིན་ཏེ་རིགས་མེད་འགྱུར།། མི་སྤང་མི་དོར་ལྔ་གཉིས་ནི།། ཡན་ལག་དམ་ཚིག་འདའ་དཀའ་བོ།། མཉམ་ལ་མཉམ་པར་སྦྱོར་བ་ཡིས།། མཉམ་པའི་དམ་ཚིག་ལ་གནས་ན།། མཉམ་རྫོགས་ཆེན
127b6 པོ་ཐོབ་འགྱུར་པས། ། འདས་ནས་སངས་རྒྱས་མ་ཡིན་ནོ།། རྩ་བ་ཉམས་པའི་ཕྱལ་བ་དག། གསོལ་ཉེ་བར་མི་བརྩོན་དང་།། སྐད་ཅིག་ཡུད་ཙམ་སྨྲ་མི་བྱེད།། ཉམས་གྱུར་ཉེས་པ་བརྗོད་མི་ལང་།། རྩ་བའི་དམ་ཚིག་ཉམས་གྱུར་ན།། །
127b7 བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར།། ཡིད་དུ་མི་འོང་སྣ་ཚོགས་པའི།། འབྲས་བུ་མི་འདོད་བཞིན་དུ་འདུད།། ཡན་ལག་དམ་ཚིག་ཉམས་གྱུར་ན།། འབྲས་བུ་མེད་ཅིང་ངན་སོང་ལྟུང་།། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ།། སངས་རྒྱས་ཀུན
127b8 གྱི་བདག་ཉིད་ཡིན། ། རྩ་བའི་དམ་ཚིག་ལྔ་ལ་ནི།། གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ།། ཡན་ལག་དམ་ཚིག་ལྔ་གཉིས་ལ།། གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ།། དམ་ཚིག་འདི་ནི་རྨང་པོ་ཆེ།། འཇིག་རྟེན་དྲུག་གི་ཕྱོགས
iiif viewer powered by OpenSeadragon
127a - 128a