| | e-texts navigator
|
126b1 ཨོ་ཁྲོ་ལ་ཁྲོས་པས་ནི་མཛད་པ།། ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས།། འབར་བའི་བྱིན་རླབས་སྤྲང་པོ་ཆེ།། དེ་ཉིད་དུ་ནི་བདག་ལ་སྩོལ།། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ།། བཛྲ་ཀྲོ་དྷ་ས་མ་ཡ་ཧོ།། བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨ
126b2 ལི་ཨཱ་ལི་ཏ་བི་དང་ལི་དཾཥྚི་ཀོན་རོའུ་དྲི་ཁ་ར་པ་ཡོ་ནི་ཁཱ་ཧི་ཧོ། ། བྷཱུཾཧཧེ་ཕཊ་བྷྱོ།། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀུན་ཚིག། རབ་ཏུ་ཚིག་ཀུན་ཏུ་རབ་ཏུ་ཚིག་གོ།། འབར་རབ་ཏུ་འབར། ཀུན་དུ
126b3 རབ་ཏུ་འབར་རོ། ། ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། རབ་ཏུ་གང་། ཀུན་དུ་རབ་ཏུ་གང་བར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་ཚིགས་ཆེན་པོ་གསུང་གི་དཀྱིལ་འཁོར་སྤྲོས
126b4 པའི་ལེའུ་སྟེ་བཅུ་དྲུག་པའོ། ། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་དག་གི་དཀྱིལ་འཁོར་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ།། འབར་བའི་འཁོར་ལོ་རྩིབས་བཞི་ལ་གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན།།
126b5 གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན།། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས།། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད།། འབར་བའི་འཕྲོ་བ་མང་པོས་འཁྲུག། ཁྱུ་མཆོག་མ་ཧེ་གཟིག་དང་སྟག། གཏུམ་པ་དོམ་གྱི་སྦར་བ་ཡིས།། དབང
126b6 ཕྲུག་ལྷ་ཆེན་ལས་སོགས་བཟུང་། ། སྨུག་ནག་སྔོ་ནག་སེར་ནག་དང་།། དམར་ནག་ལྡང་ནག་འཇིགས་པའི་སྐུ་བག་སུཾ་ཕྱག་དྲུག་ཞབས་བཞིར་བགྲང་།། ཀོ་རློན་གོས་ནི་སྣ་ཚོགས་གྱོན།། རྔམ་པའི་སྒྲ་སྐད་འཇིགས་པར་སྒྲོགས།། སྦྲུལ་དང་།
126b7 ཐོད་ཕྲེང་ཉི་ཟླར་བཅས།། སྟོང་གི་འཇིག་རྟེན་ཁོར་ཡུག་བཅས།། རྡོ་རྗེ་དུང་ཆེན་གང་བ་དང་།། རལ་གྲི་དགྲ་སྟ་གཤོལ་ལ་སོགས།། རང་གི་ལག་ཆ་སྣ་ཚོགས་བསྣམས།། བཙུན་མོ་འཇིགས་པའི་ཚོགས་དང་འབྲེལ།། གནས་དང་ཡུལ
126b8 གྱི་ཕྱག་རྒྱར་དང་། ། སྒོ་བཞི་ཕྱག་རྒྱ་རབ་མཛེས་ཞིག་། སྲས་དང་བྱི་མོ་བྲན་མོའི་ཚོགས།། བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས།། རང་གི་སྟན་དང་ལག་ཆ་དང་།། ཅི་བགྱིས་ཞེས་ནི་ཆས་ཏེ་གནས་ཞེས་བརྗོད་པས། འཇིག་རྟེན་དྲུག
iiif viewer powered by OpenSeadragon
126a - 127a