e-texts navigator
Collection
Volume
Page
Wylie

125b1 བརྒྱ། ། ཕྱག་སྟོང་བརྒྱད་བརྒྱ་ཞབས་བརྒྱད་རཿ། སྐུ་འབར་བ་ཆེན་པོའི་དཀྱིལ་ན་བཞུགས་པར་མཐོང་ངོ་།། དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བའི
125b2 ཐབས་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། ། དེ་ནས་དེ་དག་ཤིན་དུ་འདང་ཞང་རབ་ཏུ་ཟད་ཅིང་ཞུམ་པའི་དངོས་སྤྲས་པའི་ཚིག། འབངས་སུ་མཆི་འབངས་སུ་མཆི། འབངས་སུ་ནན
125b3 ཏན་མ་བགྱིས་ན། མགོ་དང་ལུས་ནི་བརྒྱར་འགས་ཤིང་། སྙིང་ཡང་འགས་ཤིང་བཏུབས་འགྱུར་ཅིང་།། ལ་ཕྱོགས་ཚིག་ནས་བརླག་པ་དང་། དམྱལ་བར་ལྷུང་ནས་འབོད་པར་ཤོག། ཅེས་འབངས་སུ་མཆི་བར་མ་ནས་བོར།
125b4 ནས་དཀྱིལ་འཁོར་གྱི་གདན་དུ་གཞག་གོ། ཐམས་ཅད་ཀྱིས་མགྲིན་ཅིག་ཏུ་སྨྲས་པ་བདག་ཅག་རྣམས་ཀྱི་མཆིས་བྲང་དང་། མ་དང་སྲིང་མོ་བུ་མོ་རྣམས་དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། དཔའ་བོ་ལྷ་རྗེས་བཞེས།
125b5 སུ་གསོལ།། བདག་ཅག་སོ་སོའི་འཁོར་བཅས་ཀྱིས།། ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདི།། མིང་ཙམ་འཛིན་པར་བྱེད་པ་ཡང་གཙུག་གི་ནོར་བུ་འབར་བ་ལྟར། གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། སེམས་ཀྱིས་བླངས་ཏེ་སྟྭཾ།
125b6 བོ་ཡིས། གཙུག་ཏུ་གཞག་ཏེ་བཀུར་བར་བྱ། དེ་ཡི་དགོས་པ་ཅི་ཡང་རུང་། མ་ལུས་རྫོགས་པར་བདག་ཅག་སྒྲུབ། གལ་ཏེ་དཔའ་བོའི་སྤྱན་སྔ་འདིར། སྨྲས་པ་བཞིན་དུ་མ་བཞིས་ན་བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་།
125b7 བཀས་བཏུབས་དུམ་བུར་རུལ་བར་མཆིས་ཞེས་སྨྲས་སོ།། དེ་ནས་དེ་དག་གི་ཆུང་མའི་ཚིགས་དང་། སྲིད་མོ་དང་མ་དང་བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་ཡུད་ཙམ་གྱིས་འོངས་ནས་ཐམས་ཅད་ཀྱིས་མགྲིན་ཅིག་ཏུ
125b8 སྨྲས་པ། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན།། དཔའ་བོ་ཆེན་པོའི་འབངས་སུ་མཆི།། དཔའ་བོ་ཆེན་པོ་བདག་ཅག་རྣམས་ལས་ཀྱི་དངོས་གྲུབ་སྐུལ་དུ་གསོལ་ཞེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་དགྱེས་པཆན




iiif viewer powered by OpenSeadragon

125a - 126a

Texts on this page

Q455 - dpal gsang ba'i snying po de kho na nyid rnam par nges pa