| | e-texts navigator
|
123b1 གཡོས། ། ཀུན་ཏུ་གཡོས་སོ།། འུ་འ་རབ་ཏུའུར་རུང་། ཀུན་དུ་རབ་ཏུའར་འུར་རོ།། ཆེ་མཆེ་མ་རབ་ཏུ་ཆེམ་ཆེ་མ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ།། ཤིག་ཤིག། རབ་ཏུ་ཤིག་ཤིག། ཀུན་ཏུ་རབ་ཏུ་ཤིག་ཤིག་གོ།། གཏོར་གཏོར་རབ་ཏུ་གཏོར་གཏོར། ཀུན་ཏུ
123b2 རབ་ཏུ་གཏོར་གཏོར་ངོ་། ། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་། ཁམས་ན་གནས་པའི་དབང་ཆེ་བ་དང་། གཟི་བརྗིད་ཆེ་བ་དང་། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་བརྒྱལ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན
123b3 པོ་ཉིད་འཇིག་བྱེད་ཆེན་པོ་ཤིན་ཏུ་རྔམ་པ་སྐྱེ་བུད་ནེས་བྱེད་པ་འབར་བ་ཆེན་པོའི་ཁྲག་འཐུང་། སྐུ་སྨུག་གནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པ་དེ་དབུས་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད
123b4 ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་། འབར་བ་ཆེན་པོའི་འཁོར་ལོའི་དཀྱིལ་ན་དབང་ཕྱུག་ཆེན་པོ་དང་དུར་ཁྲོད་ཀྱིས་བདག་པོ་དྲེགས་པ་ཁྱོ་ཤུག་གི་གདན་ལ་བརྐྱང་བ་སྐུམ་དུ་བཞུགས་སོ།། ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་གི
123b5 ཚོགས་ཐམས་ཅད་དེ་དག་ཀྱང་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། ། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ། ལྷོ་ཕྱོགས་སུ་བཞུགས་སོ།། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པད་མར་གྱུར་ཏེ་ནུབ་ཕྱོགས
123b6 སུ་བཞུགས་སོ། ། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་དུ་ལས་སུ་གྱུར་ཏེ་བྱང་ཕྱོགས་སུ་བཞུགས་སོ།། དེ་དག་ཀུན་ཀྱང་འཇིག་བྱེད་ཆེན་པོའི་ཆ་ལུགས་དང་། རྔམ་པའི་ང་རོ་དང་། འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིས་དྲི་ཟ་དང
123b7 གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་ལ་སོགས་པ་ཁྱོད་ཤུག་གིས་གདན་བྱས་པ་ལ་བཞུགས་སོ།། བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་སོ་སོར་སྐུལ་འཁྱིལ་བའི་ཚུལ་གྱིས་བཞུགས་སོ།། རིགས་ལྔའི་ཧེ་རུ་ཀ་ལས་གཅིག་ཏུ
123b8 སྟེམ་ཏེ་བསྡུས་ནས། གཅིག་གིས་མང་པོ་འདུལ་བའི་ངོ་མཚར་བསྟན་ཏེ། དེ་ནས་དྲེགས་པ་ཆེན་པོ་ལ་སོགས་པ་གཏུམ་པོའི་སེམས་ཀྱིས་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས
iiif viewer powered by OpenSeadragon
123a - 124a