e-texts navigator
Collection
Volume
Page
Wylie

122a1 ཞིང་གི་རྡུལ་སྙེད་དུ། ། ཤིན་དུ་སྦྱངས་ལ་རབ་གནས་པའི།། དཀྱིལ་འཁོར་མ་ལུས་བསྙེན་པ་ཡི།། འབྲས་བུ་གསང་ཆེན་འདི་ཡིན་ཏེ།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། འདས་དང་ད་ལྟར་བྱུང་བ་ཡི།། རྒྱལ་བའི
122a2 དཀྱིལ་འཁོར་མ་ལུས་པ། ། ། བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས།། འབྱུང་དང་མ་འོངས་ཐམས་ཅད་ཀུན།། འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར།། འདི་ནི་གསང་ཆེན་ངེས་པ་ཡི།། འབྲས་བུ་ལམ་དུ་གྱུར་པར་ཡིན།། རྒྱལ་བའི་དཀྱིལ
122a3 འཁོར་མ་ལུས་ལ། ། འདི་ལས་གསང་བའི་ངེས་དོན་མེད།། བཙལ་ཀྱང་རྒྱལ་བས་མི་བརྙེས་སོ།། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག། ཐོས་བསམ་བསྒོམ་ལ་རབ་སྤངས་པའི།། ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་།། སྣོད་ལྡན
122a4 ང་ཚུལ་བཟང་ལ་བསྟན། ། ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན།། གཞན་དུ་ནམ་ཡང་སྦྱིན་མི་བྱ།། རྨོངས་ལ་ཕྱིར་བས་གལ་ཏེ་བྱིན།། དུས་མིན་པར་ནི་སྲོག་ཟད་ནས།། བསྲེགས་དང་སྦྲེབས་པ་ཡུན་རིང་གནས།། ཞེས་དེ་བཞིན
122a5 གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཤིན་དུ་གསང་བ་མན་ངག་གི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད
122a6 ཀྱི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། ། ཨོཾ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི།། ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ།། བསོད་ནམས་ཀྱིལ་འཁོར་སྐུ་ཡི་ཚོགས།། སྣང་སྟོང་ཐིག་ལེ་ཀུན་དུ་རྫོགས་སོ།། ཨོཾ་རྡོ་རྗེ
122a7 བསོད་ནམས་ཐིག་འི་ཆེ། ། རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན།། རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ།། རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཏོཿ། ཨོཾ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ།། ཡོན་ཏན་ཕྲིན་ལས་ཀུན་དུ་རྫོགས།། ཡེ་ནས་ལྷུན་རྫོགས་ཀུན་དུ་བཟ
122a8 འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཏོ། ། ཨོཾ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས།། མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ།། མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ།། སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་དྷོཿ། ཨོཾ་ཕྱོགས་བཅཝ




iiif viewer powered by OpenSeadragon

121b - 122b

Texts on this page

Q455 - dpal gsang ba'i snying po de kho na nyid rnam par nges pa