| | e-texts navigator
|
120b1 དབྱེར་མེད་པའོ། ། རྡོ་རྗེ་རིགས་སུ་ཐམས་ཅད་དཀྱིལ།། འོད་འབྲོ་འབར་བར་རབ་ཏུ་བསྒོམ།། ཆགས་མེད་ཚུལ་དུ་བསྟིམ་པར་བྱ།། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ།། ཡང་ན་སྐུ་གསུང་ཐུགས་ཉིད་དེ།། ཐམས་ཅད་མ་ལུས་སུ་གསུང
120b2 ཐུགས། ཏིང་འཛིན་གསལ་བར་འོད་ཟེར་འཕྲོ།། གཉིས་མེད་དབྱིངས་ཀྱི་དང་དུ་ཐིམ།། རིགས་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར།། དཀྱིལ་འཁོར་མ་ལུས་འབར་བར་འགྲུབ།། ཉོན་མོངས་སྡུག་བསྔལ་སེལ་བར་བྱེད།། རྡོ་རྗེ་རིགས་སུ་རྩེ
120b3 པའི་གནས། ། སྔགས་འཆང་དངོས་གྲུབ་ཡང་དག་ནི།། ཐབས་དང་ཤེས་རབ་ཐམས་ཅད་ཀྱིས།། དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ།། ཆགས་པ་མེད་པའི་ཚུལ་གྱིས་སུ།། འོད་ཟེར་རྣམ་པ་མང་པོ་འཕྲོ།། གཉིས་སུ་མེད་པར་བསྟིམ་པར་བྱ
120b4 དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། ། རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས།། དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ།། སེམས་དཔའ་སེམས་མ་ཉིད་དུ་བསྒོམ།། སོ་སོའི་སྔགས་དང་ཕྱག་རྒྱ་དང་།། ཏིང་འཛིན་ཡང་དག་སོ་སོར་གསལ
120b5 གནས་དང་ལོངས་སྤྱོད་ཅི་བདེ་དང་། ། མ་ཉམས་བློ་ནི་རབ་ལྡན་པས།། དང་པོ་དམ་མནོས་བཞིན་དུ་བྱ།། ལེ་ལོ་སྒྱིད་སྙོམས་མེད་པ་ཡིས།། ཐེ་ཚོམ་མེད་པར་བསྒྲུབ་བྱས་ན།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། རྡོ་རྗེ་གསང
120b6 མཆོག་དམ་པ་ཐོབ། ། བསྒྲུབ་པའི་ཞག་དང་ཚེས་གྲངས་ནི།། རྒྱུད་ལས་སྨོས་པ་བཞིན་དུ་བཤད།། རྡོ་རྗེ་གསང་བའི་ཚིག་ཏུའོ།། ཞེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་།། གསད་པའི་སྙིང་པོ་དེ
120b7 ཁོ་ན་ཉིད་ངེས་པ་ལས་ཚོགས་ཀྱི་དཀྱིལ་འཁོར་གྱིས་ལེའུ་སྟེ་བཅུ་གཅིག་པའོ། ། །། དེ་ནས་དེ་བཞིན་གཤེགས་དགྱེས་པ་ཆེན་པོས་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ་རྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས
120b8 ཆེད་དུ་བརྗོད་པ་འདི་བརྗོད་དོ། ། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི།། དཀྱིལ་འཁོར་བསྟན་པའི་ཏིང་ངེ་འཛིན།། བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས།། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར།། ཀླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས།། ཆོས་ཀྱི
iiif viewer powered by OpenSeadragon
120a - 121a