e-texts navigator
Collection
Volume
Page
Wylie

11b1 ངང་ཚུལ་ཁྲིམས་སོ་སོར་སྣང་། ། བྱིས་པ་རྣམས་ནི་ཐ་ཚིག་སྡོམ།། བདེན་གཉིས་རྒྱུ་ལ་སྟོན་པར་གྲགས།། བླ་མེད་མཆོག་ལ་དམ་ཚིག་སྤྱོད།། གཅིག་གི་དོན་ལས་མ་གཡོས་ཀྱང་།། འདུལ་དབང་པོ་ལ་སོ་སོར་གྲགས།། ཁོ་ན་ཉིད་ལྡན
11b2 དམ་ཚིག་མཆོག། དེ་དང་གང་ལྡན་དམ་པ་སྟེ།། དེ་ལས་འདས་ན་འཚིག་པར་འགྱུར།། དེ་ཕྱིར་དམ་ཚིག་ཆེན་པོ་ནི།། ནམ་མཁའ་འདྲ་བར་དཔའ་བོས་བཤད།། རྒྱལ་བ་དཔའོ་ཐམས་ཅད་ལ།། དམ་ཚིག་འདི་ལས་ཡོད་མི་མངའ།།
11b3 སྤྱོད་པ་དག་གི་ཁྱད་པར་ཡང་།། ཆོས་ཉིད་བྱ་བ་རྩོལ་ཀུན་བྲལ་ལ།། བསྒྲུབ་དང་སྒྲུབ་པའི་དམིགས་པ་མེད།། འཁྲུལ་པ་གཅོད་པའི་སྐྱེ་བོ་དག། དམིགས་མེད་བྱང་ཆུབ་བདེ་ཆེན་ལ།། སྡུག་བསྔལ་རྩོལ་སེམས་བཅུག་པས་ནོར
11b4 བྱ་བ་མེད་པའི་ཆོས་ཉིད་ལ། ། ཉོན་མོངས་བྱ་མེད་སྤྱད་པས་འཁྲུལ།། རང་བྱུང་ལྷུན་གྲུབ་གནས་བཞིན་དུ།། བྱིས་པའི་སྤྱོད་པས་ཅི་བརྩལ་དགོས།། གང་ཞིག་འདོད་དེ་ཅི་ཞིག་སྒྲུབ།། ཅི་སྤྱད་ཅི་བསྒྲུབས་ཅི་བརྩལ་ཡང་།། སྡུག
11b5 བསྔལ་ཉིད་དེ་བྱང་ཆུབ་མེད། ། དམྱལ་བ་སངས་རྒྱས་ཆེན་པོ་ལ།། སྡུག་བསྔལ་བྱང་ཆུབ་ལམ་ཉིད་དེ།། ཉན་ཐོས་རང་རྒྱལ་ས་གཉིས་དང་།། ཐེག་པའི་ཁྱད་པར་ཅི་བསྟན་པ།། བྱེད་རྩོལ་བཅས་པ་ཐམས་ཅད་འཁྲུལ།། བླ་མེད་བྱང་ཆུབ
11b6 གེགས་སུ་ཆེ། ། གང་ཞིག་བརྩལ་མེད་བདེ་ཆེན་དོན།། སེམས་ཀྱི་ཀློང་འདིས་མ་མཐོང་ན།། སྒྲུབ་དང་རྩོལ་བ་ཅི་སྤྱད་ཀྱང་།། བྱིས་པ་དོན་མེད་ཀྱི་ན་འཁྱམ།། བརྩལ་དུ་མེད་པའི་རང་བཞིན་ལ།། རྩོལ་བའི་སྤྱོད་པས་ཅི་ཞིག་བྱ།། འཛིན་པ
11b7 མེད་པའི་ཆོས་ཉིད་ལ། ། ཚིག་འཛིན་ནོར་པའི་རྩོལ་བྱར་མེད།། བགྲོད་དུ་མེད་པའི་ཆོས་ཉིད་ལ།། བགྲོད་པའི་དཀྱིལ་འཁོར་མིང་དང་བྲལ།། བསམ་དུ་མེད་པའི་ཆོས་ཉིད་ལ།། རྟོག་སེམས་བསམ་པའི་དམིགས་དང་བྲལ།། བརྩལ་མེད
11b8 པ་ཡི་ཆོས་ཉིད་ལ། ། བརྩལ་མེད་ཡེ་ནས་ལྷུན་གྱིས་གྲུབ།། མཐའ་དབུས་མེད་པས་བརྡལ་བ་ཆེ།། ཕྱི་ནང་མེད་པས་ཡོ་གསལ་ཁྱབ།། སྐྱོན་ཡེན་མེད་པར་ལྷུན་གྱིས་རྫོགས།། བསྒྲུབ་དུ་མེད་པས་བརྩལ་སེམས་བྲལ།། གཟུང་དུ་མེད




iiif viewer powered by OpenSeadragon

11a - 12a

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo