| | e-texts navigator
|
119b1 རྩི་བླ་མེད་ཀྱིས། ། དང་ལྡན་སྐྱེས་བུ་ངོམས་པར་བྱོས།། རབ་འབྲིང་ཐ་མའི་བློ་ཅན་ལ།། འཐུན་པའི་གསང་བསྒྲགས་གཞན་དུ་མིན།། བསྐྱེད་ཆེན་འཁོར་ལོའི་གཞལ་ཡས་སུ།། གསང་བའི་ཐིག་ལེའི་ངོ་བོ་ཉིད།། ཧཱུཾ་ཨོཾ་སྭ་ཨཾ་ཧ་རྣམས་ལས
119b2 ཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ། ། ཨོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།། དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད།། སློབ་དཔོན་མཉེས་པར་མ་བྱས་ཤིང་།། དབང་རྣམས
119b3 ཐོབ་པར་མ་བྱས་པར། ། ཉན་པ་ལ་སོགས་རྩོམ་པ་རྣམས།། འབྲས་བུ་མེད་ཅིང་རླག་པར་འགྱུར།། དབུ་རྒྱན་ཅོད་པན་ཕྲང་བ་དང་།། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་།། གདུགས་དང་བུམ་པ་བཟའ་བཏུང་དང་།། སྙིང་པོ་ལྔ་ཡིས་དབང་བསྐུར་ན།།
119b4 དུས་འདི་ཕྱིན་ཆད་རྒྱལ་བའི་སྲས།། ངན་སོང་ཐམས་ཅད་མེད་པ་དང་།། ཚེ་རིང་བདེ་སྐྱིད་ཕུན་སུམ་ཆོག། མཐོ་རིས་ཐར་པའི་བདག་པོར་འགྱུར་ཞེས་བརྗོད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དབང་སྦྱིན་པའི་ལེའུ་སྟེ
119b5 བཅུ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ།
119b6 བྱིན་གྱིས་བརླབས་དང་མངོན་སུམ་པར།། རབ་ཏུ་རྟོགས་པ་རྣམ་བཞི་ཡིས།། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ།། ཡན་ལག་དབང་པོ་རྣམ་ཤེས་ཀུན།། རྣམ་སྨིན་ཨོ་དུ་ཤེས་པར་བྱ།། རྫོགས་པའི་དཀྱིལ་འཁོར་ཉིད་དུ་སྒོམ།། ཡང
119b7 ན་ཁྲོས་པའི་དཀྱིལ་འཁོར་བསྒོམ། ། གཟུགས་སྒྲ་དྲི་རོ་རེག་ལ་སོགས།། རྣམ་སྨིན་མུམ་དུ་ཤེས་པར་བྱ།། ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ།། ཡང་ན་ཁྲོ་མོའི་དཀྱིལ་འཁོར་སྒོམ།། གོས་རྒྱན་བཟའ་བཏུང་ཀླུ་དང་ཆག། ཕྲ
119b8 གར་ཚོགས་ཀྱི་སྤྲིན་ཕུང་གིས། ། ཧུ་དུ་ཤེས་པས་རབ་སྤྱད་ན།། ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས།། ལྷ་མོ་ཀླུ་མོ་རིགས་ངན་མོ།། དབྱེའམ་ཡང་ན་མི་དབྱེ་བར།། བསྙེན་པ་དང་ནི་ཉེ་བསྙེན་པོ།། བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ།
iiif viewer powered by OpenSeadragon
119a - 120a