e-texts navigator
Collection
Volume
Page
Wylie

118b1 དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་།། རང་སྣད་དབྱེར་མེད་དཀྱིལ་འཁོར་ལ།། འཇུག་པའི་མཚན་ཉིད་མཉམ་སྦྱོར་བས།། ཕྱོགས་དུས་ཀུན་ནས་གཤེགས་པ་ཡི།། བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས།། ཉེ་བར་གྱུར་པའི་དམ
118b2 ཚིག་མཆོག། དཔག་བསམ་ཤིང་དང་ཡིད་བཞིན་གྱི།། རིན་པོ་ཆེ་དང་འབྱུང་བ་ཀུན།། དེ་དག་རྫས་ཡོད་མ་ཡིན་ཏེ།། རང་སེམས་བསོད་ནམས་བརྟན་པ་ཡིན།། ངོ་མཚར་ཆོ་འཕྲུལ་རྨད་པོ་ཆེ།། གཞན་ནས་ཡོད་འོངས་མ་ཡིན་ཏེ།
118b3 ཐབས་ལ་བརྟན་པའི་ཤེས་རབ་ཉིད།། དེ་ལྟ་བུ་ཡི་དང་དུ་བྱུང་།། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད།། ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར།། ཡེ་ཤེས་ལ་ནི་ཡེ་ཤེས་རོལ།། ཡེ་ཤེས་རོལ་པ་ཉིད་ཀྱང་གསོལ།། རྒྱལ་བ་མངོན་ཟུང་སྐྱོབ
118b4 པ་དང་། ། བྱིན་བརླབས་སྟོན་པའང་དེ་བཞིན་ཏེ།། བྱ་བྱེད་ནུས་པའི་གཟི་བྱིན་གྱིས།། སྒྱུ་མ་རྡོ་རྗེ་པ་ཆེན་པོ་མཆོག། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་།། ཡོ་བྱད་ལྔ་ནི་རྫོགས་པར་ལྡན།། སྔགས་ཀྱི་ཡན་ལག་ལྔ་རྫོགས་པས།། མཉམས
118b5 འཇུག་ལ་རབ་བརྩོན་པས། ། ཞག་ནི་སུམ་བཅུ་ཕྲག་དྲུག་གམ།། བཅུ་གཉིས་བཅུ་བཞི་བཅུ་དྲུག་གྲིས།། དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ།། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས།། སྐུ་ལྔ་ལྷུན་གྱི་རྫོགས་པ་ནི།། ཡེ་ཤེས་ཐིག་ལེ་དེ་ཉིད་ལ།།
118b6 ཡེ་ཤེས་ཐིག་ལེ་ཉིད་སྣང་བ།། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའོ།། ཞིང་ཁམས་རྣམ་དག་བསམ་ཡས་པ།། རྒྱ་དང་བྲལ་བའི་གཞལ་ཡས་ཁང།། འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས།
118b7 དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན།། མཐོང་ནས་ཉེ་བར་མཉེས་པ་དང་།། རྒྱ་ཆེན་གསུང་ལས་དོན་འབྱུང་བ།། མཐུན་པའི་ཤེས་རབ་སྣང་བའོ།། གཅིག་དང་དུ་མར་བྲལ་བ་ཡི།། མཐའ་དང་དབུས་མེད་དེ་བཞིན་ཉིད།། སངས་རྒྱས
118b8 ཀྱིས་ཀྱང་མི་གཟིགས་ཏེ། རང་བྱུང་ཡེ་ཤེས་གནས་མེད་སྣང་།། ལོག་པར་རྟོག་བརྟགས་རྣམ་དག་ཅིང་།། ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར།། ཐུགས་རྗེ་ཆེན་པོས་འབྲེལ་བས་ན།། འགྲོ་དྲུག་དུས་གནས་མ་ལུས་སྣང་།། བདེ་བ་ཆེན་པོའི




iiif viewer powered by OpenSeadragon

118a - 119a

Texts on this page

Q455 - dpal gsang ba'i snying po de kho na nyid rnam par nges pa