e-texts navigator
Collection
Volume
Page
Wylie

117b1 དང་ཁ་དོག་མཚན་ལྡན་པར། ། ཞལ་དུ་གྱུར་པའི་མེ་པོས་ལ།། བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས།། ལམ་བཞིའི་མཆོད་པར་རབ་ཏུ་བྱིན།། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ།། ཤིན་ཏུ་ཕྲལ་སྦྱངས་པ་ཡིས།། བསམ་ཡས་དག་ལ
117b2 འང་དེ་བཞིན་བྱ། ། རིག་པས་དཔག་པ་ཙམ་དུའོ།། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི།། སེམས་ཀྱི་ཡིད་བཞིན་སྤྲིན་ཚེགས་ཀྱིས།། ཕྱོགས་བཅཝ་ཐམས་ཅད་སངས་རྒྱས་ཞིང་།། མཉེན་འཇལ་རེག་ན་བདེ་བ་ཡི།། སྣ་ཚོགས་རིན
117b3 པོ་ཆེ་ཡི་གཞི། ། མཛེས་པར་བྲིས་ཤིང་སྤྲས་པ་དང་།། ཀུན་འབྱུང་རིན་ཆེན་ཕུང་པོར་འབར།། དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ།། རིན་ཆེན་ཁང་པ་སྣ་ཚོགས་དང་།། རྒྱན་དང་དཔག་བསམ་ལྗོན་པའི་ཚལ།། ཀླུ་དབྱངས
117b4 ཚིགས་སུ་བཅད་པའི་སྒྲ། ། བླ་རེ་རྒྱལ་མཚན་ན་བཟའ་གདུགས།། དོ་ཤལ་དཔུང་རྒྱན་སེ་མོ་དོ།། བཟའ་དང་བཏུང་བའི་མཆོག་རྣམས་དང་།། རང་ལ་མཛེས་པར་བརྒྱན་པ་ཡི།། ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས།། བྲོ་གར་ལ་སོགས
117b5 བསམ་ཡས་ཀྱི། ། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས།། དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ།། སྐལ་ལྡན་ཀསལ་བའི་ཁྱད་པར་གྱིས།། རིམ་གྱིས་ཡང་ན་གཅིག་ཅར་དུ།། ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བའི།། མཏོད
117b6 པའི་ཕྱག་རྒྱ་ཆེན་པོར་བསྒོམ། ། གསལ་ལྡན་མ་འམ་བྱིན་བརླབས་ལ།། སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ།། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲང་མཆོད།། མཉེས་ནས་གྲུབ་པའི་དམ་ཚིག་མཆོག། བདག་ཉིད་ཆེན
117b7 པོ་མཆོད་པ་ཡིས། ། སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས།། སྲིད་གསུམ་འགྲོ་བ་ཐམས་ཅད་ལ།། དགའ་བ་ཆེན་པོས་ཁྱབ་པར་འགྱུར།། སྒྱུ་འཕྲུལ་དྲབ་བསྟན་པ་ཡིས།། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི།།
117b8 སངས་རྒྱས་དཀྱིལ་འཁོར་མ་ལུས་དང་།། ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར།། ལུས་ངག་སེམས་དང་ཆོས་ཐམས་ཅད།། གང་ནའང་མི་གནས་མི་དམིགས་པ།། མིག་གཡོར་ཚུལ་དུ་སྦྱོར་བ་ཡིས།། དམ་མཁའ




iiif viewer powered by OpenSeadragon

117a - 118a

Texts on this page

Q455 - dpal gsang ba'i snying po de kho na nyid rnam par nges pa