| | e-texts navigator
|
113b1 དངོས་གྲུབ་མཆོག་གི་སྙིང་པོ་ནི། ། ཟད་པའི་དུས་མེད་ཡིད་བཞིན་མཛོད།། འཕེལ་འགྲིབ་མེད་པར་འབྱུང་བ་སྟེ།། དངོས་པོ་མེད་ལས་དངོས་པོ་སྤྲིན།། སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར།། དངོས་རྣམས་ཉིད་ན་དངོས་མེད་པ། རྟོག་པའི་དབང་སྐུར།
113b2 ཏི་འཛིན་ཡིན།། གང་གིས་དམིགས་མེད་མི་ཤེས་པ།། དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས།། དེ་ཕྱིར་དངོས་དང་དངོས་མེད་པར།། འཇིགས་པས་དམིགས་མེད་ཤེས་པར་གྱིས།། བཞི་རྩ་མེད་པའི་སེམས་ཉིད་ནི། ཕོ་མོ་མ་ཡིན་མ་ནིང་མིན།། མཚན
113b3 མེད་པ་ཡིན་རིགས་རྒྱུད་མིན། ། ཁ་དོག་མ་ཡིན་དབྱིབས་མ་ཡིན།། གནས་སུ་མ་ཡིན་གང་ཡང་མིན།། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ།། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ།། ཐབས་ལ་ཐབས་འབྱུང་ཐབས་བསམ་ཡས།། ཐ་དད་མེད་ལ་ཐ
113b4 དད་པའི། ། ནང་དང་ནང་གི་ཕྱི་རོལ་གྱི།། དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ།། འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག། གང་གིས་གླང་ཆེན་མྱོས་འདྲའི་སེམས།། མཉམ་པར་བཞག་པས་བཏུལ་ནས་སུ།། སྔགས་དང་ཕྱག་རྒྱས་རབ
113b5 བསྟན་ན། ། དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར།། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ།། །། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།།
113b6 དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་འབྱུང་བར་བཞེད་ནས་ཆེད་དུ་བརྗོད་པ་འདི
113b7 བརྗོད་དོ། ། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ།། དཀྱིལ་འཁོར་བསམ་ཡས་ལྷུན་གྱི་གྲུབ།། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས།། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། གྲུ་ཆད
113b8 བཞིས་བརྒྱན་པར་ཁྱམས་ལྡན། ། ཀུན་ཏུ་གྲུ་བཞི་སྒོ་ཁྲུད་ལྡན།། རོལ་མོ་སྣ་ཚོགས་སྤྲིན་སྤུང་བཞིན།། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་རྒྱན།། སེང་གེ་གླང་ཆེན་རྟ་དང་ཁྲུད།། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ།། ཉི་ཟླ་པད་མ
iiif viewer powered by OpenSeadragon
113a - 114a