e-texts navigator
Collection
Volume
Page
Wylie

113a1 ཀྱིས་གསུང་བ་འདི་ཉིད་སྐུ་དང་། གསུང་དང་ཐུགས་དང་། ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཨ་ཧོ་ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་སྐུ་འཁོར་ལོ།། འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར
113a2 མི་ཚོགས་བཞི་བཅུ་གཉིས། ། འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ།། འདའ་བར་མི་མཛད་དབང་མེད་ཟླ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་བརྗོད་པས་དེ་བཞིན་གཤེགས
113a3 པ་ཐམས་ཅད་ཡི་གེ་འཁོར་ལོར་གྱུར་ཏོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡི་གེ་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡི་གེ་འཁོར་ལོ་སྤྲིན་བཀོད་པ་ལས་སྒྱུ་འཕྲུལ་རྣམ་པར་འཕྲོ
113a4 བ་འདི་ཆེད་དུ་བརྗོད་དོ། ། རྩ་བ་མེད་པའི་སེམས་ཉིད་ནི།། ཆོས་རྣམས་ཀུན་གྱི་རྩ་བ་ཡིན།། སེམས་ཉིད་ཡི་གེའི་རང་བཞིན་ཏེ།། ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན།། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས།། དྲ་བའི་དཀྱིལ་འཁོར་མངོན
113a5 རྫོགས་པས། ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི།། དཀྱིལ་འཁོར་ཐམ་ཅད་འགྲུབ་པར་འགྱུར།། བདུད་རྩི་འགྱུར་ཞིང་འབྱུང་བ་དང་།། བཞི་བརྒྱ་རྩ་བཞིའི་ནད་སེལ་ཅིང་།། ལོངས་སྤྱོད་འབྱུང་བ་ངན་སོད་སྟོ། ཅིར་ཡང་གཞན་དུ་འགྱུར་བ
113a6 འགྲུབ། ། ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་།། འབར་ནས་མེ་ཡང་འཚིག་པ་དང་།། ཆུར་འགྱུར་འབབ་པའང་དེ་བཞིན་ཏེ།། འཇིག་རྟེན་ཁམས་འདིར་འདོར་བ་དང་།། ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར།། དགུག་དང་བཏང་དང་བཅིང
113a7 དང་གྲོལ། ། གསོ་དང་གསད་དང་ཕ་མ་དང་རྒྱལ།། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར།། དེ་ཉིད་ཡེ་ཤེས་རང་སྣང་བའི།། མིང་ཚིག་གཟུགས་སོགས་ཡིད་བཞིན་གྱིས།། མུན་ལ་སྣང་འབྲུང་ཇི་བཞིན་དུ་འགྱུར་བས་ཆ་གསེར་འགྱུར
113a8 སྨན་གྱི་ཚུལ། ། སྟོན་པ་མཆོད་བརྩོན་རྟོགས་པ་གསལ།། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས།། མཉམས་ཤེས་ཤིང་ཡོ་བྱད་ལྡན།། འགྲུབ་འགྱུར་མི་ལྡན་མེད་ཅིང་བརླག། དུས་གསུམ་རྒྱལ་བས་ཐུགས་ཆུད་པའི




iiif viewer powered by OpenSeadragon

112b - 113b

Texts on this page

Q455 - dpal gsang ba'i snying po de kho na nyid rnam par nges pa