e-texts navigator
Collection
Volume
Page
Wylie

111b1 རྣམ་པར་དག་པའི་དབྱིངས་ཉིད་ཚུལ། ཉིད་ལ་དབང་སྣར་ཉིད་སྤྱོད་ཕྱིར།། བདག་དང་གཞན་དང་རྟོག་པའི་རྒྱུན།། རྣམ་དག་བླ་མེད་ཐེག་པའི་མཆོག། ཐེག་པ་བཞི་ཡིས་ངེས་འབྱུང་ལ།། ཐེག་པ་ཅིག་གིས་འབྲས་བུར་གནས།། ཡང་དག
111b2 རྟོགས་པས་རབ་བརྟགས་ན། ། རང་བཞིན་མེད་ལས་ཅིར་ཡང་འགྲུབ།། སངས་རྒྱས་མྱ་ངན་ཡོད་མི་འདའ།། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ།། མ་རིག་སྨིན་མཛད་འདུལ་བའི་ཕྱིར།། བྱུང་ནང་མྱ་ངན་འདའ་བར་སྟོན།། འདུལ་བ་མདོ་སྡེ
111b3 ཆོས་མངོན་དང་། དམ་ཚིག་སྒྲུབ་དང་སྒྲུབ་པ་དང་།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། ཕྱོགས་བཅུ་རྣམས་སུ་རབ་གྲགས་པ།། གསང་བའི་སྙིང་པོ་ལས་འཕྲོས་ཏེ།། རང་བཞིན་གསང་བའི་སྙིང་པོ་འདི།། སྡེ་སྣོད་ཀུན་དང་དྷཱུ
111b4 ཀུན་གྱི། ། འབྱུང་གནས་གཏན་ལ་ངེས་པར་འབེབས།། ཆོས་རྣམས་མིང་དུ་བཏགས་པ་ཙམ།། སྟོན་པས་དོན་དང་འཐུན་ཕྱོགས་སུ།། མིང་དང་ཚིག་ཏུ་བཏགས་ནས་བསྟན།། སྟོན་མིན་ཚིག་ལ་དངོས་པོ་མང་།། ཅེས་ཆེད
111b5 དུ་བརྗོད་དོ། ། དེ་ནས་དེ་བཞིན་གཤེགས་པ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་དང་ཡོན་ཏན་དང་། ཕྲིན་ལས་རྡོ་རྗེ་ལས་ཕྱུས་དོ།། ཨ་ཧོ། སྲིད་རྩ་ཉེས་དམིགས་བདག
111b6 ཏུ་རྔོག་ལས་འབྲོས། ། རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་།། གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ།། ལོག་རྟོག་ཉིད་ལས་གཞན་དུ་གཡོ་བ་ཅི་ཡང་མེད།། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས།།
111b7 དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། ངོ་མཚར་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཞིང་ཁམས་ལས།། གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན་ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་བརྗོད་པས། ཐུབ་པ་དྲུག་གི་སྤྲུལ་པ
111b8 གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། གསང་བའི་སྙིང་པོར་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ




iiif viewer powered by OpenSeadragon

111a - 112a

Texts on this page

Q455 - dpal gsang ba'i snying po de kho na nyid rnam par nges pa