e-texts navigator
Collection
Volume
Page
Wylie

111a1 ལས་འདས་པ་ལ་སོགས་པར་སྟོན་པའི་ཐུབ་པ་དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་དུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་བྲན་དུ
111a2 གསན་པ་དང་། རྫུ་འཕྲུལ་གྱི་ཚོགས་ཀུན་ཏུ་དོན་སྤྱོད་པ་དང་། ཟག་པ་མེད་པས་ཀུན་དུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཀུན་དུ་སྲུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན
111a3 ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱ་པ་དང་ལྡན་པ་བསམ་གྱིས་མི་ཁྱབ་པའི་གྲངས་མེད་པ་ཕྱོགས་བཅུར་སྡང་བར་གྱུར་ཏོ།། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས།
111a4 ཀྱིས་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་གསུངས
111a5 སོ། ། གསུང་ངོ་གསུང་བར་འགྱུར་རོ།། དེ་དག་ཐམས་ཅད་ཀྱང་། གཟུང་བ་དང་འཛིན་པའི་ཕྱི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འཛིན་པ་དང་། ཁྲུལ་པ་ལ། འདོགས་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས་ཀྱི
111a6 འབྲས་བུས་མི་གོས། ། གོས་པར་མི་འགྱུར། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆད་དུ་བརྗོད་པ་འདི་བརྗོད་དོ།། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཚེས། མ་རིག་རྟོག་པའི་གཟུང
111a7 འཛིན་གྱིས། ། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། མི་མཐུན་བདེ་སྡུག་མྱོང་བར་འགྱུར།། རང་བཞིན་ཉིད་ལས་ཉམས་པ་མེད།། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། བདག་དང་བདག་གི་གཞན་མེད་དེ། རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ།།
111a8 བདག་དང་བདག་གི་གཞན་རྣམས་ནི། ལོག་པར་རྟོག་པ་ཙམ་ཉིད་ལས། ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། གཞན་དུ་གཡོ་བ་ཅི་ཡང་མེད། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། གཞི་རྩ་མེད་དབྱིངས་སྐད་ཅིག།




iiif viewer powered by OpenSeadragon

110b - 111b

Texts on this page

Q455 - dpal gsang ba'i snying po de kho na nyid rnam par nges pa