| | e-texts navigator
|
10a1 འདྲར་གཏིང་དཔག་དཀའ། ། རྣལ་འབྱོར་དམིགས་ལྡན་བློ་ཆུང་ཞིང་།། གང་ཞིག་རྩལ་ཞན་དེ་རྟོག་པ།། གཡོར་མོའི་ཚུལ་དུ་བདག་བརྟགས་པ།། བརྟགས་ཀྱང་རྟོགས་པར་མི་འགྱུར་རོ།། དཔེར་ན་ཉི་མའི་སྙིང་པོ་ལ།། མི།།
10a2 གི་དབང་པོས་རབ་བརྟགས་ན།། དེ་བརྟགས་དོན་དེ་མི་རྟོགས་ཀྱི།། འོད་ཟེར་གྱིས་ནི་མིག་རྗེས་འགྱུར།། དེ་འདྲར་བྱིས་པའི་རང་བཞིན་གྱིས།། ཟབ་མོའི་དོན་ལ་ཅིར་བརྟགས་ཀྱང་།། ཡང་དག་དོན་དེ་མི་མཐོང་གི། བློ་ནན་བྱིས་པ།
10a3 ཆང་རྒྱལ། བརྟག་ཏུ་མེད་པའི་ཆོས་རྣམས་ནི།། རྟོག་པ་ཅན་གྱིས་མི་རྟོག་ཏེ།། གང་ཞིག་དེ་དོན་མི་རྟོགས་ཕྱིར།། གཡང་སར་ལྟུང་བ་ཅི་ཆ་ཡོད།། གདོང་ནས་མ་ཐོས་ཤིན་དུ་དགེ། བསམ་དང་བྲལ་བས་དེ་བཞིན་གཞག། མི་བཛྲཀྲ།
10a4 བཞག་པའི་ཆོས་འདི་གང་།། བྱིས་པ་རྣམས་ལ་ངས་མ་བསྟན།། བསྟན་ཀྱང་གོ་བར་མི་འགྱུར་ཏེ།། བསྟན་དུ་མེད་ཅིང་གོ་བར་དཀའ།། ཚིག་གིས་བརྗོད་པ་ཀུན་དང་བྲལ།། འདི་ཞེས་བསྟན་དུ་ག་ལ་ཡོད།། མེད་པས་བསྟན་པའི།།
10a5 དམིགས་མི་ཕྱེད།། མི་དམིགས་ཆོས་ལ་བློ་སྦྱངས་ཤིང་།། ཡིད་ཀྱི་མེ་ལོང་གསལ་བྱས་ན།། ནམ་མཁའ་དག་ལ་རབ་བརྟགས་ན།། སྣང་བ་མེད་པའི་རང་བཞིན་ནི།། ནམ་མཁའ་ལྟ་བུར་དེ་ཉིད་འགྱུར།། ཆོས་ཉིད་ནམ་མཁའ
10a6 ལྟ་བུ་སྟེ། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ནམ་མཁའ་གང་མིང་བརྗོད་བྱེད་པ།། བརྗོད་པ་དེ་ཉིད་དངོས་པོ་སྟེ།། དངོས་པོ་དེ་ཡི་མིང་བརྗོད་ཀྱང་།། ནམ་མཁའ་དེ་ལ་འགག་མི་འགྱུར།། དེ་བཞིན་མི་རྟོག་རྗོད་བྱེད་པ།། བརྗོད་པ།
10a7 དེ་ཉིད་རྣམ་རྟོག་སྟེ།། རྣམ་རྟོག་དེ་ཡི་མིང་བརྗོད་ཀྱང་།། མི་རྟོག་དེ་ལ་འགག་མི་འགྱུར།། དེ་འདྲར་སེམས་ཀྱང་དེ་ལྟར་བལྟ།། སེམས་ཉིད་གཞན་དུ་མ་གྲུབ་སྟེ།། དེ་བཞིན་ཆོས་ཀྱང་གྲུབ་མ་ཡིན།། སེམས་དང་ཆོས་ཉིད་གཉིས
10a8 མེད་དེ། སེམས་ཉིད་གང་ཡིན་ཆོས་ཉིད་དེ།། ཆོས་ཉིད་ཀྱང་ནི་དེ་བཞིན་ནོ།། ཆོས་སེམས་གཉིས་མེད་ལྡན་གྱུར་པ།། ཐ་མེད་བྱང་ཆུབ་ཆེན་པོར་བཤད།། སེམས་ནི་ནམ་མཁའ་ལྟ་བུ་སྟེ།། རྣམ་པར་རྟོག་བྲལ་གང་མི་རྟོགས།
iiif viewer powered by OpenSeadragon
9b - 10b