| | e-texts navigator
|
109b1 པོ་རྡོ་རྗེ་སྡོམ་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང་། བཙུན་མོ་མཐོང་བར་བྱ་བ་དང་། མཉན་པར་བྱ་བ་དང་། བསྣམ་པར་བྱ་བ་དང་། མྱོང་བར་བྱ་བའི་ཚོགས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ་ཆེན
109b2 པོ་རྡོ་རྗེ་ཐོས་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྡོམ་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོ་དབྱེད་དང་། བཙུན་མོ་འདས་པ་དང་། ད་ལྟར་དང་། འབྱུང་བ་དང་མ་བྱོན་པའི་ཚོགས་དང་། འཇོམས་པ་ཆེན་པོ་རེག་པ་དང་། འཇོམས་པ་ཆེན་པོ་རེག
109b3 བྱེད་དང་། འཇོམས་པ་ཆེན་པོ་རེག་བྱ་དང་། འཇོམས་པ་ཆེན་པོ་རེག་ཤེས་དང་། བཙུན་མོ་རྟག་པར་མ་ཡིན་པ་དང་། ཚད་པར་མ་ཡིན་པ་དང་། བདག་ཏུ་མ་ཡིན་པ་དང་། མཚན་མར་མ་ཡིན་པ་ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗིད་ཀྱིས
109b4 མི་ལང་བ་དང་གཉིས་སུ་མེད་པར་ཞུགས་སོ། ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་ཐུགས་དང་། ཡོན་ཏན་དང་ཕྲིན་ལ།
109b5 རྡོ་རྗེ་ལས་ཕྱུང་ངོ་།། ཨོཾ་ཨེ་ཨེ་མའོ།། དེ་བཞིན་ཉིད་དབྱིངས་དབང་སྣར། ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་དང་། རང་སྣང་བ་ཉིད་ཏིང་ངེ་འཛིན། གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས
109b6 སེལ་མེད་པའི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ་མི་ཟད་པར་ལྡན་པ་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ། ། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླིང་བཞིའི་ལེའུ་སྟེ་དང་པོའོ།།
109b7 དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་དུ་བཟང་པོས་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེ་བཙུན་མོ་བྱ་བ་མོ་ཆོས་ཀུན་དུ་བཟང་མོ་ལ་འཇུག་པར་གྱུར་ཏོ།། ཞུགས་པས་ཕྱོགས་བཅུ་ངས་བཞིའི་དེ་བཞིན་གཤེགས་པམ
109b8 ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མཱཾ་རྡོ་རྗེ་ཕུང་པོ་ཡན་ལག་ནི།། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། སྐྱེ་མཆེད་ཁམས་རྣམ
iiif viewer powered by OpenSeadragon
109a - 110a