e-texts navigator
Collection
Volume
Page
Wylie

108a1 ཐོབ་བསྐུར་བར་འགྱུར།། དབང་གི་ཚད་ནི་འདི་ལྟ་སྟེ།། དད་ལྡན་སྲི་ཞུར་ལྡན་པ་ལ།། གསང་བ་ཉན་པའི་དབང་ཆེན་བསྐུར།། རྣམ་བཞི་ལས་ཀྱི་དོན་ཚད་ན།། ལས་རྣམས་བྱེད་པའི་དབང་ཐོབ་པོ།། ལྟ་བའི་དམིགས་བུས
108a2 ཆོས་མཐོང་ན། ། རྒྱལ་ཐོབ་འཆང་བའི་དབང་ཐོབ་པོ།། རྐྱེམཐུབ་ཚད་མ་གསུམ་ལྡན་ན།། བླ་མ་རྡོ་རྗེ་སློབ་དཔོན་དབང་།། དམ་པ་མཛོད་གསུང་ཐམས་ཅད་ལ།། ཕྱོགས་མེད་པར་ནི་འཆད་ཤེས་ནས།། རབ་འབྱམ་རྒྱལ་བའི་དབང་འཐོབ་པོ།།
108a3 དད་མེད་བློ་ཞན་རྫོབ་པ་ཆེ།། ཚུལ་འཆོས་མཁན་ལར་གཅོད་བྱེད།། དེ་ནི་དབང་གིས་འཚིག་པར་བཤད།། གསང་མེད་བརྗེད་ངས་དབང་མི་འཆགས།། དད་མེད་གཡེལ་རྨུགས་དབང་མི་འགོས།། སྣོད་མེད་བཅུད་བྲལ་ཀུན་སྟོངས་པ།། དེས
108a4 ནི་དབང་ཐོབ་མ་ཡིན་ནོ། ། སྣོད་ལྡན་བཅུད་རྫོགས་དབང་ཐོབ་ན།། དབང་མཆོག་ཐོབ་པའི་རྒྱུ་ཞེས་བཤད་ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་དབང་གི་ལེའུ་ཞེས་བྱ་སྟེ་སུམ་བཅུ
108a5 རྩ་གཉིས་པའོ། ། །། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དང་།། སེམས་དཔའི་རྡོ་རྗེ་དམ་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཀུན་འདུས་རིག་པའི་མདོ་དང་བཅས་པ་ཆོས་ཐམས་ཅད་ཀྱི་མེ་ལོང་ཡིན་པར་རིག་ནས།
108a6 འདུས་པ་ཕལ་མཆེའི་འཁོར་རྣམས་ཀྱིས་ཤིན་དུ་ངས་ཞིང་ངོ་མཚར་སྐྱེས་ནས། བསྟོད་པ་ཤིན་ཏུ་དགའ་བ་ཆེན་པོའི་ཀླུ་འདིས་བླངས་ས།། ཨེ་མ་ཧོ།། ཉེས་བཅོམ་ལེགས་ལྡན་མཚན་ཞིང་མཐའ་ལས་འདས།། དཔག་མེད་བྱམས་སེམས
108a7 དོན་གྱིས་བདག་གཞན་དཔལ། ། དོན་དམ་གསང་སྦས་ནམ་མཁའི་དཀྱིལ་དུ་འཁྱིལ།། རྗེ་ཆེ་མཆོག་དབང་ཕྱུག་ཀུན་གྱི་བདག། འཛིན་པ་མེ་ཏོག་ཤ་རུས་ཁྲག་ལ་རོལ་ཐུགས་ཀྱི་གདུང་ཐག་འཁོར་བའི་མཐའ་ལ་རྗེ།། ཡུལ་མེད་མ
108a8 སྐྱེས་མཚན་མའི་གཡུལ་ལས་རྒྱལ། ། བདེ་མཆོག་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད།། ཤེས་རབ་ཆེན་པོ་ནམ་མཁའི་ཉི་མར་གསལ།། བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ་འཆར།། དཔའ་བཏུལ་མྱུར་བའི་ཤུགས་ཀྱིས




iiif viewer powered by OpenSeadragon

107b - 108b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo