| | e-texts navigator
|
107a1 རམ་ལུགས་སུ་བླུགས་པ་ཡི། ། ཕྱག་རྒྱའི་གཟུགས་བརྙན་དེ་ཡི་སྤྱི་བོར་གཞག། ཡེ་ཤེས་མེན་པོའི་དོན་དང་དེ་ལྡན་པས།། ཡེ་ཤེས་ལྔ་ཡི་རྟགས་མཆོག་ཕྱག་རྒྱ་ཡིས།། གནས་ལྔ་གཏུགས་ཏེ་ཐུགས་ཀྱི་དབང་མཆོག་སྦྱིན
107a2 ཨོཾ་མ་ཧཱ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ད་མ་ཀོ་ཧཾ། ། ཨོཾ་མ་ཧ་ཀོ་དྷ་སྭཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱད་མ་ཀོ་ཧཾ། ཨོཾ་མ་ཧཱ་ས་མན་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧ~ཾ། ཨོཾ་མ་ཧཱ་པྲ་ཏི་པྲ་བེ་ཤ་སྭ་བྷཱ་ཨད་མ་ཀོ་ཧེ། ཨོཾ་མ་ཧཱ་ཨ་ཏ་ཏྲི་ཤ་སྭ་བྷ་བ་ཨཱད་མཾ
107a3 ཀོ་ཧ། སྐུ་དང་གསུང་ཐུགས་རྡོ་རྗེ་ཡཾ།། རྣལ་འབྱོར་བདེ་མཆོག་དེ་ཡིན་པས།། སྐུ་གསུམ་ཐུགས་ཀྱི་གསད་མཆོག་འདི།། རྡོ་རྗེ་ཅན་ལ་སྦྱིན་པར་བྱ།། ཨོཾ་སརྦ་ཏ་ཐཱ་གེ་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧ།། དབང་མཆོག་ཨོཾ་སརྦ་ཏ་ཐཱ་ག་ཏ
107a4 བཱག་བཛྲ་སྭ་བྷཱ་བ་ཨཱ་ད་མ་ཀོ་ཧཾ། ། ཨོཾ་སརྦ་ཏ་ཐཱ་ག་ཏཙིཏྟ་བཛྲ་སྭ་བྷཱ་བ་ཨད་མ་ཀོ་ཧཾ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཛྙཱ་ན་བཛྲ་ས་བྷཱ་བ་ཨད་མ་ཀོ་ཧཾ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཙ་བཛྲ་སྭ་བྷཱ་ཨད་མ་ཀོ་ཧཾ།། དབང་མཆོག་ཐོབ་པའི་བུ་མཆོག་དེ།། དོན་རྣམས
107a5 གྲུབ་པར་བཀྲ་ཤིས་ཕྱིར། ། བདུད་འདུལ་བཀྲ་ཤིས་རྫས་མཆོག་རྣམས།། རྟགས་ཀྱི་བརྒྱན་ཏེ་སྦྱིན་པར་བྱ།། དོན་རྣམས་གྲུབ་པའི་བུ་མཆོག་དེ།། རྡོ་རྗེ་དབང་མཆོག་ཐོབ་པ་ན།། ཞིང་ཁམས་ཀུན་དུ་གྲགས་པ་ཡིས།། རྩལ་གྱི་ཐིག་ལེ་རྡོ་རྗེ་སྦྱིན།།
107a6 ནང་དུ་འཇུག་པའི་དབང་ཐོབ་ནས།། དེ་དག་ཀུན་ལ་སྤྱོད་སྒྲུབ་པའི།། དབང་མཆོག་དམ་པ་སྦྱིན་པར་བྱ།། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལ།། སེམས་ཀྱིས་དབང་བསྐུར་ཐོབ་པ་ཡི།། ཤེས་རབ་ཆེན་པོ་རིག་པའི་དབང་།། སེམས་ལོན་དོན་གྱི་གཏན།
107a7 ཚིགས་སྦྱིན།། བྱ་བའི་མཚན་མ་ཀུན་བྲལ་ཞིང་།། བརྩལ་མེད་གནས་པའི་བྱང་ཆུབ་སེམས།། སྙིང་རྗེ་ཆེན་པོ་བདེ་མཆོག་གིས།། ཁམས་གསུམ་ཀུན་ལ་དབང་སྣར་སྦྱིན།། སྲིད་གསུམ་འགྲོ་བའི་དོན་རྣམས་ཀུན།། ཐམས་ཅད་རྫོགས་པར།
107a8 ནུས་པ་ཡཾ།། རྟགས་ཀྱི་དབང་མཆོག་དམ་པ་ནི།། ཐོད་ཤོལ་འབར་བ་སྦྱིན་པར་བྱེད།། དུག་གསུམ་གཏིང་ནས་སྤྲུག་པའི།། རྟགས་ཆེན་གའུ་རྣམ་པ་གསུམ།། དམར་ཆེན་དག་གིས་བཀང་ནས་ཀྱང་།། དབང་ཆེན་ཐོབ་དེའི་ངག་ཏུ་སྦྱིན།། སྲིད།།
iiif viewer powered by OpenSeadragon
106b - 107b