| | e-texts navigator
|
106b1 དབང་ཕྱུག་རྒྱལ་པོའི་ཞེས་པར་ནི། ། ཀུན་གྱི་སྒྲ་ཆེན་པོད་ཅིང་བསྒྲགས་པ་བྱ།། གསེར་གྱི་འཁོར་ལོ་རྩིབས་ཁྱུད་ལྡན་པ་ཞིག། རྒྱལ་པོ་དེ་ཡི་ལག་ཏུ་བསྐུར་ནས་ནི།། འཇིག་རྟེན་ཀུན་ལ་ཁ་ལོ་སྒྱུར་བ་ཡི།། དབང་མཆོག་རྒྱལ་པོ་འདི་ཡང
106b2 སྦྱིན་པར་བྱ། བྱེ་འཁོར་སྐྱོད་པའི་རྒྱལ་པོར་གྱུར་ཕན་ཆད།། བླ་མེད་མཆོག་གི་རྟགས་དང་ལྡན་འགྱུར་བས།། གསང་སྒོ་ཕྱེ་ནས་ནང་དུ་གཞུག་པར་བྱ།། ཤིན་དུ་ག་མང་བའི་རྫས་དང་ལྡན་གྱུར་ནས།། གསང་སྒོ་གང་ལས་འདོད་པའི་དོན་རྣམས་ཞུ།
106b3 གནང་ཆེན་པོའི་རྟགས་སུ་བྱེད་གྱིས་བརླབ།། གསང་བའི་དོན་ལ་ཉན་ཅིང་སློབ་པའི་དབང་།། དབང་ཐོབ་སྐལ་ཅན་དེ་ལ་བྱིན་པར་བྱ།། བདུད་རྩི་ཆུ་འདིས་རྣ་བའི་གསར་སྒོ་དབྱེ།། སརྦ་ཏ་ཐཱ་ག་ཏསྟ་མ་ཏི་ཧོ།། གླེགས་པམ་ཟབ་མོ་ལ་སོགས་ཐམས
106b4 ཅད་རྣམས། ། རིགས་ཀྱི་བུ་མཆོག་དེ་ལ་སྦྱིན་པར་བྱ།། དེས་ན་འགྲོ་བའི་དོན་བྱེད་ནུས་པས་ན།། ལས་རྣམས་རྒྱ་མཚོ་ཐམས་ཅད་སྒྲུབ་པའི་རྟགས།། རྡོ་རྗེ་རྒྱ་གྲམ་ལ་སོགས་རྣམ་བཞིའི་རྫས།། བུ་མཆོག་དེ་ལ་ཐབས་ཀྱི་སྦྱིན་པར་བྱ།། གཞན་གྱི་རེ་འདོད།
106b5 སྐོང་བའི་བུ་མཆོག་དེ།། རྒྱལ་པོ་རྒྱལ་རིགས་རྒྱུད་དུ་བྱུང་བ་བཞིན།། རྒྱལ་ཚབ་ཆོས་ཀྱི་རྒྱུད་དུ་བྱུང་བས་ན།། ཏན་ཏྲ་ལ་སོགས་དམ་པའི་མཛོད་གསུམ་སྦྱིན།། དེས་ནི་སློབ་མའི་ཚོགས་ཀུན་སྐྱོང་ནུས་ཕྱིར།། བསྟན་པ་སྒྲོགས་པའི་ས་ལག་ན
106b6 བྱའི་ཕྱིར། ། རྡོ་རྗེ་རྒྱལ་པོ་དཔལ་གྱི་དབང་མཆོག་འདི།། ཐེག་ཆེན་དགུ་ཡི་རྟགས་དང་ཆས་ཏེ་སྦྱིན།། དེ་ནི་བླ་མེད་རྒྱལ་པོར་འགྱུར་བས་ན།། ས་རྣམས་ནོན་པའི་རྟགས་མཆོག་གདན་ཁྲིའི་དབང་།། ལྷ་ཆེན་ལ་སོགས་ཞིང་ཆེན་ཉི་ཟླར་བཅས།།
106b7 ཁྱུ་མཆོག་སེང་གེ་མ་ཧེ་གཟིག་དང་སྟག། གཏུམ་པའི་དོམ་གྱིས་སྤར་ཏེ་སྦྱིན་པར་བྱ།། རྒྱལ་པོ་ཡིན་པའི་རྟགས་ནི་རྣམ་པ་བདུན།། སྐྱེལ་དབང་སྔར་རྒྱལ་པོ་མཉེས་པའི་གཟུངས།། ཕ་རོལ་དཔུང་འཇོམས་སྲིད་ཐུབ་འཛིན་པ་དང་། བདག
106b8 གཞན་དོན་སྒྲུབ་རྫུ་འཕྲུལ་རྐང་པར་ལྡན། ། དགོས་འདོད་ཡིད་བཞིན་སྐོང་བའི་རིན་པོ་ཆེ།། རྒྱལ་པོ་དེ་ལ་ཐབས་ཀྱིས་སྦྱིན་པར་བྱ།། དེ་ནི་རྒྱལ་བའི་མཆོག་སྲས་ཡིན་པས་ན།། ཕྱག་རྒྱ་ཆེན་པོའི་དབང་མཆོག་སྦྱིན་པར་བྱ།། རས་སམ་འབུར
iiif viewer powered by OpenSeadragon
106a - 107a