e-texts navigator
Collection
Volume
Page
Wylie

106a1 སོ། ། འདུས་པ་ཆེན་པོའི་རྣལ་འབྱོར་པ།། སྲིད་པ་གསུམ་གྱིས་ཕྱག་བྱས་པས།། བླ་མའི་ས་ལ་གནས་པ་ནི།། གསང་མཆོག་སུམ་བཅུ་རྩ་དྲུག་ཡིན།། ཕྱི་ཡི་དབང་དང་ནང་ཀི་དབང་།། བསྒྲུབ་པའི་དབང་དང་གསང་པའི་དབང་།།
106a2 བཅུ་དང་བཅུ་གཅིག་བཅུ་གསུམ་དང་།། རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར།། དེ་ལ་དང་པོ་སྦྱིན་པའི་དབང་འདི་ཡིན་ཏེ། ཨོཾ་ཧཱུཾ་ས་ཧྲིཧ། ཀུན་གྱིས་འདའ་བར་དཀའ་བ་ཡི།། ཚིག་བཙན་ཡུལ་ལ་དབང་སྒྱུར་བ།། རྒྱལ་པོ་བཀའ
106a3 རྟགས་ཕྱག་རྒྱའི་དབང་། ། སྐུ་ལྔ་ཡོངས་སུ་རྫོགས་པར་འགྱུར།། རིགས་རྣམས་སོ་སོའི་རྒྱུད་འཛིན་ཅིང་།། རྟགས་ཀྱི་མཚན་མཆེན་པོ་ནི།། སྦྱོར་བ་ཆེན་པོའི་ཕྱག་མཚན་ཏེ།། དམ་ཚིག་ཕྱག་རྒྱ་རྫོགས་པར་འགྱུར།། ཤེས་རབ་གཟུང
106a4 ཀྱི་གསང་མཆོག་ནི། ། དོན་དང་ལྡན་པར་འགྱུར་བ་ཡིས།། མཐའ་གཉིས་དག་ཏུ་མི་གཏོང་བའི།། གཟུངས་མའི་རྒྱལ་མོ་ཆེན་མོ་ཡིན།། གཉིས་མེད་ཡོངས་སུ་རྫོགས་པ་ན།། ཐམས་ཅད་བདེ་བ་ཆེན་པོའི་ངང་།། བྱང་ཆུབ་སེམས་དང
106a5 དོན་དུ་འབྲེལ། ། ཤེས་རབ་ཆེན་པོ་རྫོགས་པའི་དབང་།། བཀྲ་ཤིས་ཆེན་པོ་བུམ་པ་ནི།། བདེ་གཤེགས་གཞུགས་པའི་ཕོ་བྲང་སྟེ།། དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི།། དབང་ཆེན་དེ་ལ་སྦྱིན་པར་བྱ།། གསང་བའི་བསྟན་པ་རྒྱས་ནས
106a6 ནི། ། ཡུན་རིངས་གནས་པར་འགྱུར་བ་ཡི།། བཀྲ་ཤིས་རྫས་ཀྱི་དབང་མཆོག་ཀྱང་།། གནང་བ་ཆེན་པོ་སྦྱིན་པར་བྱ།། དོན་རྣམས་གྲུབ་པར་འགྱུར་བ་ཡི།། འདོད་དགུར་རེ་སྐོང་རིན་པོ་ཆེ།། རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས།། རྒྱལ་པོ
106a7 མཆོག་ཏུ་དབང་སྐུར་རོ། ། རིན་ཆེན་པད་མ་སེང་གེའི་ཁྲི།། བླ་མར་གྱུར་པའི་གདན་མཆོག་དེ།། ཁྱད་པར་ཆེན་པོར་གྱུར་པའི་དབང་།། ཁྲི་ཆེན་དག་ལ་གཞག་པར་བྱ།། ཅོད་པན་མེ་ཏོག་ཕྲེང་ལ་སོགས།། དབང་མཆོག་བརྗིད་པའི
106a8 རྒྱན་གྱིས་ཀླུབས། ། དབུ་རྒྱན་དོ་ཤལ་ས་མོ་དོ།། དཔུང་རྒྱན་རྐང་གདུབ་ལག་གདུབ་རྣམས།། དབང་ཐོབ་རྒྱལ་པོས་དེ་ལ་སྦྱིན།། དབང་ཐོབ་མཛེས་པས་བརྗིད་པའི་རྒྱལ་པོ་དེ།། དབང་ཕྱུག་ཡིན་པས་དེ་ལ་ཀུན་ཕྱག་འཚལ།། རྡོ་རྗེ




iiif viewer powered by OpenSeadragon

105b - 106b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo