e-texts navigator
Collection
Volume
Page
Wylie

105b1 ལག་ཀུང་འཛུ་བ་གཅིག་ནས་གཅིག། འཁྱུད་པ་དམྱལ་བའི་སྒོ། གཅོད་པརྒྱ།། ལག་གི་ཕྱག་རྒྱབ་ཅས་ནས་ནི།། ངག་གི་རྡོ་རྗེ་རྒྱ་བརྗོད་ཟས།། ཀྱི་མ་རུང་ཀྲོ་དྷ་ཀྱི་ཧཱུཾ།། ཏྲིས་མ་པཙ་ཧཱུཾ།། ཧྲིས་པ་ཛ་ཧཱུ~ཾ།། འདི་ལྟར་གསལ་བར་གྱུར་པ་དང་། སྒྲིབ
105b2 པ་དག་པར་བྱ་བའི་ཕྱིར། ། རྣལ་འབྱོར་སྦྱོར་བའི་ཕྱག་རྒྱ་སྟེ།། རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ།། འགྲོ་དྲུག་འདྲེན་པའི་དཔལ་མཛད་པ།། རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ།། བྱམས་མགོན་ཁྱོད་ལ་སྐྱབས་སུ་མཆིའོ།། དེ་སྐད་ག། སོལ་བབ་པ་དང་།། རྣལ
105b3 འབྱོར་ཆེན་པོའི་ཞབས་ཉིད་ལ། ། འཇུག་པ་དེའི་སྤྱི་བོས་གཏུགས།། སངས་རྒྱས་བདེ་མཆོག་ཐམས་ཅད་ཀྱི།། རྡོ་རྗེ་གསུང་མཆོག་གསུམ་ལས་བྱུང་།། སྲིད་པ་གསུམ་གྱི་ཕྱག་བྱས་པ།། དབང་བསྐུར་གནང་དབང་ཆེན་པོ་སྦྱིན།། ཨཱ་ཏི་ཧོ་སྟ་ཧྲི་ད་ཁཾ
105b4 དེ་ནས་སྣོད་དུ་གྱུར་པ་དང་། ། གསང་བའི་མིག་ནི་དབྱེ་བར་བྱ།། མེ་ཏོག་ཕོག་པའི་ལྷ་ཡང་སྦྱིན།། དེ་ནས་དམ་ཚིག་ཆེན་པོ་བསྒྲགས།། རྒྱལ་བ་ཀུན་དང་མཉམ་སྦྱོར་བའི།། དམ་ཚིག་འདི་ལས་གང་འདས་པ།། རྒྱལ་བ་ཐམས་ཅད་བསླུས་པ།
105b5 ཡིན།། ཁྲག་འཐུང་ཁ་འབར་མ་ཡི་ཚོགས།། ཁྲོས་ནས་སྙིང་ཁྲག་ཐོག་པས་འཐུང་།། བཛྲ་ས་མ་ཡ་ཨི་ངན་ཐེ་ནར་ག་ན།། བ་ར་ཧྲི་ད་ཡ་ན་མ་བསྟི་ནཱན།། ས་མ་ཡ་རཀྵ་སིད་དྷི་བིདྲི་བཛྲ་ཨ་མྲི་དོང་ཁེ།། རྡོ་རྗེ་ཐ་ཚིག་ཆུ་བླུད་ནས།། རྡོ་རྗེ་གལ
105b6 ཆེན་མན་འདོར་རོ། ། རྡོ་རྗེ་དམ་ཚིག་སྡོམ་པ་རྣམས།། ཐམས་ཅད་ཐམས་ཅད་དགོག་པར་བྱ།། སློབ་པའི་གཉེར་ཡང་དཔོག་པར་བྱ།། ཀྱེ་རེག་འཛིན་རྡོ་རྗེ་བུ་མཆོག་ཁྱེད།། རྣལ་འབྱོར་རྒྱལ་བའི་སྲས་ཀྱིས་ཡིན།། གཞན་ཡང་གསང་བ་མ་།
105b7 ཤིག། གལ་ཏེ་སྨྲས་ན་དམྱལ་བར་འཚིག། ཁྱེད་ནི་རྡོ་རྗེ་ཆེ་གེ་མོ།། རྒྱལ་བའི་སྲས་པོ་གདུང་རྒྱད་འཛིན།། གསང་བ་མཆོག་གི་མིང་སྦྱིན་གྱིས།། ཞིང་ཁམས་ཀུན་ཏུ་བདེ་བར་སྤྱོད།། དེས་ནི་སངས་རྒྱས་ཞིང་དུ་སྐྱེ་ཞེས་གསུངས་སོ།།
105b8 རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་རྣལ་འབྱོར་འཇུག་པའི་ལེའུ་ཞེས་བྱ་སྟེ། སུམ་བཅུ་རྩ་གཅིག་པའོ།། ། དེ་ནས་ཡང་སེམས་དཔའི་རྡོ་རྗེས་ཡོངས་སུ་རྫོགས་པ་དབང་གི་ལེའུ་འདི་གསུང




iiif viewer powered by OpenSeadragon

105a - 106a

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo