e-texts navigator
Collection
Volume
Page
Wylie

105a1 ནི་རྡོ་རྗེ་གླུ་འཁོར་ལོ། ། ཡེ་ཤེས་རྒྱན་གྱིས་ལས་ཡིན་ནོ།། ཞེས་སེམས་དཔའི་རྡོ་རྗེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་ཀླུའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་པའོ།།
105a2 དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་རྡོ་རྗེ་རྣལ་འབྱོར་འཇུག་པ་ཞེས་བྱ་བའི་ལེའུ་འདི་གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་པ།། གསང་བའི་དཀྱིལ་འཁོར་དམ་པ་འདིར།། གང་དག་འཇུག་པར་བྱེད་པའི།། རྣལ་འབྱོར་རིགས་ཀྱི་བུ་རྣམས་ཀུན།།
105a3 སྟོང་གྱུར་པ་ཀུན་བསྡུས་ནས།། བྱང་ཆུབ་མཆོག་གི་སེམས་བསྐྱེད་དེ།། ཚིག་འདི་བརྗོད་དེ་གནས་པར་བྱ།། ཨེ་མ་བདེ་མཆོག་དགའ་འཚལ་འདིར།། བདག་ཅག་ཀུན་ཏུ་འཛག་པར་འཚལ།། དགའ་བ་བྱང་ཆུབ་སེམས་བསྐྱེང་ནས།། གསང
105a4 བའི་དོན་འདི་སྤང་བར་བགྱི། ། དེ་སྐད་གསོལ་ཏེ་ཞུས་པ་དང་།། གསང་བ་མཆོག་གི་བདག་པོ་ཡིས།། རྒུང་སྦྱང་རྒྱུད་དྲུག་ལས་སྒོ་གཅད།། རིག་པ་འཛིན་པའི་རྣལ་འབྱོར་ཀུན།། དཀྱིལ་འཁོར་ཆེན་པོ་གསལ་བཏོན་ཏེ།། ཕྱག་རྒྱ་པར་དང
105a5 བཅས་པ་ཡི། ། འཁོར་བའི་རྒྱུད་རྣམས་སྦྱང་བར་བྱ།། འཇུག་པ་དེ་ཡི་གནས་ལྔ་རུ།། རྒང་དུག་ས་བོན་བསྐྱེད་ནས་ཀྱང་།། ལྕེ་ལྔ་དག་གིས་གནན་པར་བྱ།། བཅུག་པ་དེ་ཡི་སྤྱི་བོར་ནི།། བ་ཡི་ཡེ་ཤེས་ལ་བསྐྲུན་པ།། པད་མ་ཁ་བཞི་ལྟེ
105a6 བལ། ། མི་དང་ལྷའི་ས་བོན་དེགང་།། ཤར་ལྷོ་རབ་དང་བྱང་དག་ཏུ།། ལྷ་མིན་དུད་འགྲོ་ཡི་དགས་དང་།། དམྱལ་བ་རྣམས་ཀྱིས་བོན་གདབ།། ཧཱ་གི་ལམ་སྒོགཅད་པར་བྱ།། ལག་གཉིས་མཐེའ་ཆུང་མཐེ་བས་གནན།། སོར་མོ་གསུས་སྣང
105a7 དཔྲལ་བར་བསྣོལ། ། ལྷ་དང་ལྷ་མིན་གནས་དག་ཏུ།། མཾ་གཏང་བཟློག་པའི་ཕྱག་རྒྱ་ཡིན།། ལག་གཉིས་བསྣོལ་ནས་མཚན་ཁང་བསམ།། མེའི་ཁམས་ནས་བཟློག་པའི་རྒྱ།། ཁུ་ཚུར་བཅངས་ཏེ་འབྲུ་བསྒྲེང་ནས།། གཡོན་གྱི་སྟེང་དུ་མནན
105a8 པ་འདི། ། བྱོལ་སོང་གནས་ནས་བཟློག་པའི་རྒྱ།། ཐལ་མོ་མཉམ་སྦྱར་གུང་རྩེ་སྤྲད།། གུང་མོ་རྒྱབ་ཏུ་སྲིན་ལག་བསྣོལ།། མགུལ་ནས་འཛུབ་མོས་འཁྱུད་པ་ནི།། ཡི་དགས་ཁམས་ལས་བཟློག་པའི་རྒྱ།། གཡོན་ཐེག་གཡས་ཀྱི་རྒྱབ་སྦྱར་ཏེ།། སྲིན




iiif viewer powered by OpenSeadragon

104b - 105b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo