| | e-texts navigator
|
104b1 ཕྱུང་ནས། ། སྲོག་རྩོལ་དྲན་རིག་གསུང་གསུང་ལྟར།། འགུར་ཆུ་ཡན་ལག་འགུལ་འགུལ་ལྟར།། རྡོ་རྗེ་ཡི་གེར་འབྲུ་འབར་ལྟར།། གུག་སྐྱེད་ཀླད་ཀློར་ཚེག་པར་ཕྱིན།། ར་རི་ཁལ་ཁོལ་སྒྲིབ་མེད་པ།། ཡེ་ཤེས་དོན་ལ་མཁྱེན་རིག་རྒྱས།། དེ་ལྟ
104b2 མང་ཀྱང་འདུལ་དབང་གིས། ། རྒལ་བསྐུལ་པའི་ས་ལ་གཞེས།། རྣལ་འབྱོར་གསོ་བའི་ཆོ་ག་བྱེད།། ལྷ་དང་གཅིག་ཏུ་བྱ་བའི་ཕྱིར།། བཟླས་བརྗོད་གྲངས་དང་བསྙེན་པ་དང་།། སྦྱོར་བས་དོན་ལ་ཉེ་བར་འགྱུར།། འདི་ལྟར་སྟོར་བའི་དུས་དག་ན།།
104b3 བྱིན་རླབས་ཕེབས་སམཉེ་བ་ཡི།། རྟགས་ས་མདོང་ངས་མཚན་མ་ནི།། རྣལ་འབྱོར་ཉིད་དང་བསྒྲུབ་རྫས་དང་།། ཡོད་མཐོང་སྒྲ་ཐོས་ཀུན་ལ་འབྱུང་།། ལུས་ཀྱི་དྲོད་དང་རྨི་ལམ་དང་།། སེམས་ཀྱི་རྟགས་སུ་གསལ་བ་དང་། དབུས་ངག་ལ་ཡང་ངེས་པར
104b4 འབྱུང་། ། ཤང་བལ་ལྟ་བུར་ཡང་བ་དང་།། མི་བདེའི་གནོད་པ་བྲལ་བ་ཡིན།། རིག་ལ་ཏིང་འཛིན་གསལ་བ་དག། རྨི་ལམ་དུ་ཡང་མྱོས་པར་འགྱུར།། དང་ཞིང་དགའ་ལ་མགུ་བ་སྐྱེ།། གདུང་བའི་བྱང་ཆུབ་སེམས་སྐྱེས་ཤིང་།། ངོ་མཚར་བྱས
104b5 པ་དེ་ཉིད་དོ། ། འགྱུར་བའི་དབུགས་ལ་དབང་ཐོབ་སྟེ།། དགག་དང་བུང་བ་ཇི་ལྟ་བའོ།། རྫས་ནི་འབར་དང་འཕར་བ་དང་།། དྲི་དང་འོད་འབྱུང་རོ་མཆོག་སྐྱེ།། མི་ཟད་མང་དུ་འཕེལ་བ་དང་།། མངར་འཇམ་དང་ཤིང་རོ་མཆོག་རྙེད།། ལྟོ་ལ་མི་གནོད་མགྲིན་ལ
104b6 མཿ། ། ཟོས་ན་བཞིན་འགྱུར་ལུས་ཏས་འགྱུར།། སིལ་སྙན་ཡིད་འོང་གྷ་སྙན་གཟུགས།། དྲི་ཞེམ་འབྱུང་བ་དེ་ལྟའོ།། རྡོ་རྗེ་ཕྲ་རྣམས་བཟང་བ་ན།། རྟགས་དང་མཚན་མ་ཕེབས་པ་སྟེ།། སྐུར་ཏེ་དངོས་གྲུབ་བླང་བར་བྱའོ།། བང་དང་གའུའི་ཕྱག་རྒྱ་དང་།
104b7 རྡོ་རྗེ་བུས་པའི་འཕྲོ་འདྲ་ཡིས།། དངོས་གྲུབ་ཡུམ་གྱི་མཁའ་ལ་དབབ།། ཡབ་ཡུམ་སྦྱོར་བའི་ལྷག་སེམས་ངག། མ་ཕེབས་པ་ཡི་བར་དུ་དག། ཤེས་རབ་གསལ་བའི་ལྷ་མོ་བཞིས།། ཧ་གྷ་མ་ལོང་བན་དང་།། ཞིང་ཆེན་ཕྲེང་བ་ལ་སོགས་དང་།། ཁ
104b8 དོག་ལྔ་ཡི་དར་གཡབ་ཀྱིས། ། གཡབ་ཅིང་རིགས་འཛིན་མང་པོ་བོད།། རོལ་མོ་ཆ་བྱད་མང་པོ་དག། རྡོ་རྗེ་གར་དད་བསྙེན་པའི་གླུ།། སྲིད་པའི་མ་མོ་ཀུན་རྟེན་ཅིང་།། བྱིན་རླབས་ཆེན་པོའི་དབབ་པར་བྱ།། ཕེབས་མ་དག་ཏུ་དངོས་གྲུབ་བསྟིམ།། འདི
iiif viewer powered by OpenSeadragon
104a - 105a