e-texts navigator
Collection
Volume
Page
Wylie

104a1 ཅིད་ཏའི་དཀྱིལ་འཁོར་འདི། ། ཡིག་འབུ་འབར་བའི་གའུར་གསལ།། པད་མོ་འབར་བ་ཡི་གུའུ་འདི།། ཡི་གེ་ཕྲེང་བ་འཁྱིལ་བའི་གནས།། དཔེར་ན་མེ་ཏོག་འབར་བ་ལས།། བཅུད་ལེན་བུང་བས་བཅུད་བླངས་ཏེ།། རྩི་ཡི་ཕུང་བུ་མོ་པ
104a2 ལྟར། ། དཔལ་བའི་ཐུགས་ཀྱི་དཀྱིལ་འཁོར་ནས།། རིན་ཆེན་འོད་ཀྱི་མེ་ཏོག་འབར།། རུ་ལུའི་ཡིག་འབྲུ་བཅུད་ཀྱིས་རྒྱས།། རྣལ་འབྱོར་སེམས་ལས་བྱས་པ་ཡི།། བཅུད་འབྱིན་བུང་པ་མང་པོ་འཕྲོ།། པར་ལྡིངས་ཡི་གེའི་བཅུད་ཕྱུང་ནས།། ཚུར་ལྡིངས
104a3 མས་པའར་བསྟམ། ། དང་པོ་ཤེལ་གྱི་ཁ་དོག་ལ།། ཤིན་དྲགསལ་ཞིང་འཚེར་འབར་བ།། གནས་དགུ་དག་ཏུ་ཟླ་བའི།། ཐིག་ལ་དཀྱིལ་གྱི་དཔལ་བེའུ་ལ།། འབྲུ་བཀོད་གསལ་བར་གྱུར་པ་དང་།། ཤལ་གྱི་བུང་པ་མང་པོ་དག། ཁྲུང་ཆེན་ལྡིངས
104a4 པའི་བོད་ཆད་ཙམ། ། པར་ལྡིངས་བཅུང་ཕྲང་ཚུར་གསེབས་པས།། ཡིག་འབྲུ་ཡེ་ཤེས་མེ་འབར་བས།། བག་ཆགས་བུད་ཤེད་ཕུང་པོ་བསྲེགས།། པར་སྤྲོས་ཐུགས་རྗེས་ས་ལ་བསྐུལ།། ཇི་ལྟར་ཉི་ཟེར་ཆ་ཚེ་ལྟར།། རྒྱུན་མ་འཆང་པར་རྩེ
104a5 གཅིག་འབར། ། པར་དུ་བི་རའི་ཁ་དག་ལ།། གོངས་བཞིན་དུ་བཀོད་གསལ་ལ།། བྱི་རུ་བུང་པ་མང་པོ་དང་།། གོངས་བཞིན་དུ་འཕུར་ལྡིངས་པས།། བཅུད་ཕྱུང་བསྟེམ་ཞིང་སླར་ལ་འཕྲོས།། ཇི་ལྟར་མེ་མགལ་འཁོར་ཚུལ་དུ།། དཔལ་བེའུ་སྡུག་པོའི
104a6 ཀློསློང་དུ་བསྟིམ། ། ཀུན་བྱ་ཐ་མར་བསྡུ་བ་ནི།། བཀོད་པའི་གོང་མ་ཐམས་ཅད་ཀུན།། མཐིང་ནག་འབར་བ་བསྐུར་ནས་ནི།། ཟུང་ཆེན་གཟན་ལ་འཛུམས་ཆོད་ཙམ།། ཧཱུཾ་སྒྲ་འབྱིན་ཅིང་ཕན་ཚུན་ལྡིང་།། རུ་ལུ་བཅུང་འབྱིན་དངོས་གྲུབ་རློབ།། དྲན
104a7 པའི་དཀྱིལ་ནས་ཛ་ཕུང་ཀྟ། ། ལྕགས་ཀྱུ་འབར་བ་གའུར་བཙས།། དཔལ་བེའུའི་དཀྱིལ་ན་སྤངས་པ་ཡིས།། རུ་ལུ་རིན་པོ་ན་ཕུང་པོ་དག། བསྡུས་ཤིང་གྲངས་ཏེ་གནས་སུ་བསྟིམ།། འབབ་པའི་ཤུགས་སམ་བྱིན་བརླབས་ནི།། མཚོ་ལ་ས
104a8 ཆེན་འདྲིལ་ལྟར་རོ། ། འདི་ལྟར་ཡི་གེར་སྦྱར་བའི་ཚེ།། རྣལ་འབྱོར་ཉག་གཅིག་མ་ཡིན་གྱི།། ལྷ་མཆོག་དབྱིངས་ན་བཞུགས་པ་ཡང་།། ཆོས་ཉིད་དང་དུ་མི་དམིགས་ཀྱང་།། རྣལ་འབྱོར་མཆོག་གི་བསྐུལ་བའི་ཚེ།། ཐུགས་རྗེ་ཆགས་པའི་མདངས




iiif viewer powered by OpenSeadragon

103b - 104b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo