e-texts navigator
Collection
Volume
Page
Wylie

103b1 པས་འབར་བའི་དཀྱིལ་འཁོར་མེ་ལྟར་མཆོད། ། པང་ཀ་དེའུ་ཡི་གླུ་བླངས་པས།། དྲག་པོ་གཏུམ་པོ་ལྷན་ནེར་འགྱུར།། ཕྲེང་བ་ཡི་གྲུ་བླངས་པས།། སྤྲུལ་པའི་ཚེ་འཕྲུལ་ཐམས་ཅད་འགྱེད།། དུང་དེ་བ་ཡི་གླུ་བླངས་པས།། སྲིད་རྗེ
103b2 བུ་མོ་དབང་དུ་སྡུད་། ། ཡི་གེ་འབྲུ་དགུའི་རང་བཞིན་ལ།། ཕྱག་བརྒྱའི་དཀྱིལ་འཁོར་ཐམས་ཅད་རྫོགས།། དེ་བཞིན་འཁོར་ལོ་མུ་ཁྱུད་བཅས།། ཁྱམས་དང་སྒོ་ཁྱུད་གསལ་བའོ།། སྲིད་པ་མཐོང་ཡོད་སྣང་གྲངས་ཀྱང་།། ཐས?
103b3 ཅད་སྔགས་ཀྱི་ཚིག་ཏུ་རྫོགས། ། ཡི་གེ་རྒྱལ་བ་ཀུན་དང་བྲལ།། འཁོར་ལོའོ་ས་ལ་ཉེ་བའོ།། ཡི་གེས་དམིགས་པ་ཐམས་ཅད་འགྲུབ།། ཆགས་མེད་ལྷན་གྲུབ་དོན་པ་ཆེ།། རྣམ་བཞི་ལས་ཀྱི་ཁྱད་པར་ཡང་།། བྱ་བ་མེད་པར་དོན་དུ་འགྱུར། ཡི
103b4 གེ་གསང་བའི་འཕྲོ་འདྲ་ཡིས། ། རྒྱལ་བ་དཔའ་བོ་ཐམས་ཅད་མཉེས།། དེ་ཀུན་ཡི་གེས་རྣམ་སྤྲུལ་ཡང་།། རང་བཞིན་དངོས་མེད་ཆོས་ཀྱི་དབྱིངས།། ཡི་གེ་འབྲུ་འབར་བའི་ཆོ་འཕྲུལ་ལས།། དམ་པའི་ངོ་མཚར་སྣ་ཚོགས་འབྱུང་།། དེ་བཞིན
103b5 སྒྲིབ་པའི་བུད་ཤིང་བསྲེགས། ། གཏི་མུག་མུན་སེལ་ཡེ་ཤེས་འབར།། རིག་པའི་ཉི་མ་གསལ་བར་འབེབས།། བདག་ཉིད་དཔལ་ཆེན་འབར་བའི་ཐུགས།། ཙིད་ཏ་དཔལ་བེའུ་ཟུར་བརྒྱད་འབར།། རིན་ཆེན་ཡི་གེ་འབྲུ་བརྒྱད་གསལ།། དཔལ།
103b6 ཆེན་རིན་ཆེན་འབར་བའི་ཐུགས།། དཔལ་བེའུ་སྨུག་པོ་ཟུར་བརྒྱད་ལས།། གསེར་གྱི་ཉི་མ་དགུ་ཤར་བ།། འོད་ཟེར་རུ་ལུ་ཡིག་འབྲུ་བརྒྱད།། རྡོ་རྗེ་འབར་བའི་རླུང་སྒྲོམ་དུ།། ཤིན་དུ་འབར་འཕྲོ་འཁྲུག་བྱས་ཏེ།། སྤྲོས་པས་རྣལ་འབྱོར་དབང
103b7 ཕྲུག་གི། ནས་གཡས་སུ་དྲང་བར་བྱ།། གེ་རེ་ཙནའི་གཞལ་ཡས་སུ།། སེན་ཟླུ་མ་ཙམ་གྱི་རྒྱ་ཁྱོན་ལ།། གསེར་གྱི་ཉི་མ་གའུ་དགུ།། ཤར་བའི་དཀྱིལ་ན་ཡིག་འབྲུ་དགུ།། གསལ་བས་འོད་ཀྱི་གཞལ་ཡས་ཁང་།། དངོས་པོའི་བག
103b8 ཆགས་ཀུན་བསྲེགས་ཏེ། ། སེམས་ནི་གསེར་ཆུ་ཞུན་མ་བཞིན།། ལྟེ་མ་ལ་འཚེར་ཞིང་འོད་འབར་བ།། རྩལ་ལས་གྱུར་པའི་ཟླ་དཀྱིལ་འཁོར།། ཉི་མའི་སྟེང་ན་དཔལ་བེའུ་འབར།། དེ་ལ་རུ་ལུ་འཕྲོ་ཞིང་འདུ།། དཔལ་བེའུ




iiif viewer powered by OpenSeadragon

103a - 104a

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo