e-texts navigator
Collection
Volume
Page
Wylie

103a1 བུ་མོ་ཀླུ་ཡིས་སྟེན། ། བདུད་དང་སྲིན་པོ་ཀླུ་ཡིས་འདུལ།། དངོས་གྲུབ་རྒྱ་མཚོ་ཀླ་ཡིས་འབེབས།། ཆོས་ཉིད་དབྱིངས་ཀྱི་ཀློང་དཀྱིལ་ནས།། དཔལ་བེའུ་ཉི་མ་དགུ་ཤར་བས།། རྣམ་ཐར་སྒོ་བཞི་རབ་གསལ་ཡང་།། མ་རིག་མུ།
103a2 གནག་འཐིབས་པ་ཡིས།། བསྒྲིབས་པར་རིག་པའི་སྒོ་མོ་བྱ།། འཁོར་བའི་མུན་གནག་གློང་དུམ་ན།། བྱང་ཆུབ་སེམས་ཀྱི་ཟླ་ཤར་བས།། མུན་གསལ་རྣམཐར་སྒོ་བཞིར་སྣང་།། རིན་ཆེན་འབར་བའི་ཉི་མ་རྣམས།། དཔལ་ཆེན་ཐུགས
103a3 ནས་འོད་ཤར་བས། ། བག་ཆགས་སྤྲིན་མཐོངས་བྱེ་བ་རུ།། རྣལ་འབྱོར་ཐུགས་ཀར་ཟེ་བབ་པས།། མུན་གསལ་རིག་པའི་སྒོ་ཕྱེ་སྟེ།། རྣལ་འབྱོར་དོན་ལ་འཇུག་པར་བྱ།། རིག་པ་ཐུགས་ཀྱི་དཀྱིལ་འཁོར་ནས།། རུ་ལུའི་འོད་ཟེར་སྒོ་ཕྱེ
103a4 བས། སྤྲོས་པས་ཆོ་འཕྲལ་སྣ་ཚོགས་འབྱུང་།། སྲིད་པ་གསུམ་གྱི་བྱེ་བྲག་ཕྱེད།། འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམས།། ཉོན་མོངས་རྒྱུ་དྲུག་གནས་ནས་སྒྲོལ།། དུག་གསུམ་རྩ་བརྩད་ནས་གཅོད།། བདུད་དང་སྲིན་མོ་གདུག་པ
103a5 འདུལ་བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབས། ། ཇི་ལྟར་དབང་པོའི་སྒོ་ཕྱེ་ནས།། འཛུམ་འདངས་གསལ་བར་འབྱུང་བ་ལྟར།། དཔལ་བེའུ་ཐུགས་ཀྱི་སྒོ་ཕྱེ་བས།། རུ་ལུའི་འོད་ཟེར་ཡིག་འབྲུ་ཤར།། འཐིང་ནག་སེར་ནག་དམར
103a6 ནག་ལྗང་། སྨུག་ནག་འབར་བའི་ཡིག་འབྲུ་རྣམས།། ཡི་གེ་རིགས་ཀྱི་ཕྲེང་བར་དྲང་།། རྒྱངས་ཀྱི་བསྐུལ་དང་གར་གྱིས་གདབ།། བསྟེན་བཀོས་ཉེ་བར་གྱུར་པ་ལ།། འཇིམ་གོས་མངོན་གསུམ་གསལ་བར་བྱ།། འབིར་ཀས་གཉིས
103a7 མེད་པ་ལ། ། འདྲེན་གོས་ཡི་གེའི་ཕྲེང་བ་དྲང་།། དེ་ཉིད་ལ་ནི་གླུ་དྲུག་སྟེ།། ཤ་ཏ་བ་དང་གར་ཏ་བ།། ཅང་ཀ་དེའུ་དང་པང་ཀ་དེའུ།། བྲེང་ངེ་བ་དང་དུང་ངེ་བ།། གླུ་ཡི་ཡན་ལག་སུམ་བརྒྱས་ནི།། རྒྱལ་བ་མཉེས་པའི་མཆོག་ཏུ་འགྱུར།། ཀླུ་མ
103a8 རྒྱལ་པོ་འདི་དྲུག་གིས། ། དོན་དྲུག་ཡོངས་སུ་རྫོགས་པར་འགྱུར།། ཤ་ཏ་པ་ཡི་གླུ་བླངས་པས།། གདུག་བྱེད་ཐམས་ཅད་སྤ་ཡང་སྐོང་།། གར་ཏ་པ་ཡི་གླུ་བླངས་པས།། གནོད་བྱེད་ཐམས་ཅད་རྡུལ་དུ་རློག།། ཅང་ཀ་དེའུ་ཡི་གླ་བླང




iiif viewer powered by OpenSeadragon

102b - 103b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo