| | e-texts navigator
|
102b1 དུག་ལྔ་རོལ་པའི་ཚོགས་མཆོག་འདི།། ཡེ་ཤེས་ལྔ་ཡི་ནང་དུ་ཐིམ།། གཟུང་འཛིན་རྟོག་པའི་མཚན་མ་འདི།། དབྱིངས་དང་ཡེ་ཤེས་གློང་དུ་ཐིམ།། འཁོར་བ་མཚན་མའི་ཆོས་ཅན་འདི།། ཆོས་ཉིད་དབྱིངས་ཀྱི་ངང་དུ་ཐིམ།། ཕུང་པོ
102b2 ཚོགས་ཀྱི་ཡན་ལག་འདི། ། རྣམ་གྲོལ་ཕུང་པོ་ལྔ་རུ་ཐིམ།། འབྱུར་ཆེན་རྒྱུ་ཡི་མཚན་མ་འདི།། མཁའ་གློང་འབར་བ་ལྔ་རུ་ཐིམ།། རོལ་པ་ཆེན་པོ་མཆོད་སྦྱིན་ལ།། རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་རོལ།། བླ་མེད་སྟ་གོན་མཆོད
102b3 པ་འདི། ། སྔོན་ཆད་རྒྱལ་བས་བགྲོལ་བའི་ལམ།། དུག་གསུམ་གཏིད་ནས་གསོད་པའི་ཐབས།། སྔོན་གྱི་ཐུགས་དམ་བཞིན་དུ་བཞེས།། འཆི་མེད། བདུད་རྩིགཡུང་དྲུང་ཆུ།། རོ་ཡི་ཁམས་རྣམས་བློང་བར་བྱེད།། དུག་གི་ཕུང་པོ
102b4 འཇོམས་བྱེད་པ། ། རྩི་མཆོག་སྨན་གྱི་མཆོད་པར་བཞེས།། ཞེས་མཆོད་པའི་ཚོགས་རྣམས་ལིདེ་ལོང་ཕྱེད་པར་བྱུང་བས་རྒྱལ་བ་རྒྱ་མཚོ་ཚིགས་ལོངས་སྤྱོད་དེས་མཉེས་པར་གྱུར་ཏོ།། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་བཀོད་པ་ཀུན
102b5 འདུས་རིག་པའི་མདོ་ལས་མཆོད་པ་དམ་པ་གསང་བའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ། ། །། དེ་ནས་སེམས་དཔའི་རྡོ་རྗེ་དེས་རྡོ་རྗེ་ཀླུའི་ལེའུ་འདི་གསུངས་སོ།། འདིར་ནི་རྡོ་རྗེ་རྣལ་འབྱོར་རྣམས།། བསྙེན་པར་སྣང་བའི་དབང་ཐོབ་ནས།
102b6 བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་སྤྲོ།། ཡི་གེ་གླུ་ཡི་རྒྱན་ཡིན་ཏེ།། གླུ་ཡཱི་ཡི་གེ་བཅུ་དྲུག་ལས།། ཡི་གེ་ཡན་ལག་བསྒྱུར་བསྡེབས་ན།། གླུ་ཡི་བྱེ་བྲག་བསམ་མི་ཁྱབ།། དང་པོར་གླུ་ཡི་དོན་བྱུར་བ།། ཨོཾ་གྱིས་གླུ་རྣམས་རབ་ཏུ་འདྲེན།།
102b7 ཨོཾ་ཡང་ཨ་ཡི་ཆོ་འཕྲུལ་ཏེ།། ཨ་ནི་ཆོས་ཀྱི་ཡི་གེ་ཡིན།། ཨ་ལས་ཨོཾ་བྱུང་རྒྱལ་བའི་ཐུགས།། རྒྱལ་བ་ཆོས་ཀྱི་དབྱིངས་ལས་བྱུར།། ཨ་ལས་ཨཾ་བྷུ་གསུང་གི་མཆོག། གསུང་ལས་གླུ་ཡི་ཡན་ལག་འབྱུང།། དབྱངས་ཀྱི
102b8 ཡན་ལག་དྲུག་བཅུར་གྲགས། ། གླུ་ཡི་ཡོན་ཏན་བསམ་མི་ཁྱབ།། སྔོན་གྱི་རྒྱལ་བ་གླུ་ཡིས་གྲུབ།། རིགས་འཛིན་རྡོ་རྗེ་གླུ་ཡིས་འདྲེན།། རྣལ་འབྱོར་དབང་ཕྱུག་གླུ་ཡིས་འགྲུབ།། བསྟན་པ་རྒྱ་མཚོ་གླུ་ཡིས་སྦལ།། སྲེད་པའི
iiif viewer powered by OpenSeadragon
102a - 103a