e-texts navigator
Collection
Volume
Page
Wylie

101b1 ཀ་ཡ། མ་ཧཱ་བཱ་ག། བཛྲ་ཙིཏ་ཏ། ཛཿཧཱུཾ་བཾ་ཧོ། ཨེ་ཧྱེ་ཧི། རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཛཿཛཿབཛྲ་ས་མ་ཡ་མུ་དྲ་ཧཱུཾ་ཨ། བཛྲ་ཤཱི་ཧེ་རུ་ཀ། ཏིཥྛ་ས་མ་ཡ་ལྷན། མ་ཧཱ་ཤཱི་ཧེ་རུཀ་ཧ་ཧ་ཧ་མ། ས་མ་ཡ་ཧོ་ཕཊ། བཛྲ་ཨ་ར་ལི་ཕཊ། ཨ་ཏི་པུ་ཧེ་པྲ་ཏི་པུ་ཏོ།
101b2 ཨི་དཾན་པུཥྤ་དྲུ་པ། བ་ལཾ། ཏེ་ཛི་ཧོ། ཁ་རཾ་ཁ་ཏི། མ་ཧཱ་རག་ཏ། རུ་ཏི་སྣེག་ཏ། པཾ་ཙ་ཨ་མྲི་ཏ། ཙི་ཏ་ཏ། བ་སུ་ཏ། གོ་རོ་ཙ་ན། ཌཱ་ཀི་ནཱ། ཡོ་གི་ནི། མ་ཧཱ་ཙིད་ཏ། ཁ་རཾ་ཁཱ་ཧི། ཁ་ཁ་ལ། ཤ་ཏ་པ་ཁཱ་ཧི། ཨ་ལ་ལ་ཧོ། ས་མ་ཡ་ཧོ། ཨིད་ན་དེ་ན
101b3 ར་ག་ན། ཨུ་ཙི་རས་མ་ཡ་ཕཊ། བཛྲ་ས་མ་ཡ་ཨ་བེ་ཤ་ཨ་ཨ།། ཞེས་གསུངས་པས་ལས་ཀྱི་འབར་བའི་ཆོ་ག་ཞེས་ཐམས་ཅད་ཤིན་དུ་འབར་ཞིང་རྒྱས་པར་གྱུར་ཏོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི
101b4 མདོ་ལས་རྡོ་རྗེ་གསང་སྔགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། ། །། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་སྦྱར་བ་ཕྱག་རྒྱའི་ལེའུ་འདི་རྒྱ་ཆེར་གསུངས་སོ།། རྣལ་འབྱོར་མཆོག་གི་ལག་གཉིས་ལ།། ཉི་ཟླ་འབར་བའི་ལིང་གར་ནི།། ཨ་དང
101b5 པད་མ་གཉིས་གསལ་ཏེ། ། ཐབས་དང་ཤེས་རབ་གཉིས་མེད་སྦྱར།། མཉམ་པའི་ཚུལ་གྱི་གནས་པ་ལ།། མེ་ཡི་སྟེང་དུ་ཨ་ཉིད་བཞག། བྱ་བ་ཐམས་ཅད་བྲལ་བའི་རྒྱ།། ཨ་དང་མ་ཡི་འབྲུ་བཅུ་རྣམས།། འཕྲོ་འདུ་བྱ་ཞིང་ཀུན་དུ་སྦྱར
101b6 གཡས་སུ་འཁྱིལ་ཅིང་གཡོན་དུ་འཁྱུད། ། འདི་ནི་ཚེ་འཕྲུལ་འབྱུང་བའི་རྒྱ།། ཨ་དང་མ་ཡི་འབྲུ་རྣམས་བཅུ།། སོ་སོར་བཅངས་ཏེ་མྱུ་གུར་བྱ།། ཤིན་དུ་བསྟོད་དེ་ཀུན་དུ་བསྒྱུར།། འདི་ནི་སྙིང་པོར་གྱུར་པའི་རྒྱུ།། མ་ཡིས་སྦྱིན་པ་གཏོད
101b7 ཚུལ་ལ་ཨ་ཡིས་ཐམས་ཅད་སྐྱོབ་བྱེད་པ། ། འདི་ནི་ཚད་མེད་ཆེན་པོའོ།། ཀུན་ལ་སྙོམས་པའི་ཕྱག་རྒྱ་ཡིན།། མ་ཉིད་ཁྲག་འཕྲོག་པ་ཡི་སྣོད།། ཨ་ཉིད་སོ་ཕྲེང་མཆེ་བར་སྦྱར།། འདི་ནི་ཐམས་ཅད་རོལ་པ་ཡི།། འཇིགས་ཚུལ་སྟོན་པའི
101b8 ཕྱག་རྒྱ་ཡིན། ། ཨ་དང་མ་གཉིས་གཏིང་སྦྱར་ཏེ།། སོ་ཕྲེང་མཆེ་བའི་ཚུལ་གྱིས་ནི།། ཤིན་དུ་ཁ་གླལ་བ་ཡི་ཚུལ།། འདི་ནི་འཇིགས་བྱེད་ཆེན་པོའི་རྒྱ།། མ་ཡིས་བཟུང་སྟེ་འཐེན་ནས་ནི།། ཨ་ཡིས་གདེངས་ཤིང་འཇོམས་བྱེད་པ། འཇོམས།




iiif viewer powered by OpenSeadragon

101a - 102a

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo