e-texts navigator
Collection
Volume
Page
Wylie

100b1 ལྟུང་འཛིན་པས།། གྲངས་མེད་གྲངས་སུ་བཟུང་ནས་ནི།། མཚན་མ་ནག་པོའི་བྱང་བུ་དག། ཡེ་ཤེས་མེ་ཡི་གློང་བུ་བསྲེག། མེ་ཡིས་སྦྱོར་བའི་ཆོ་ག་བྱ།། མེ་ཡི་ལྷ་ནི་གང་ཡིན་པ།། མེ་ཡི་སངས་རྒྱས་སྡང་མ་ཧཱ་ཡས།།
100b2 མེ་ཡི་ལྷ་མོ་གོས་དཀར་མོ།། རྒྱལ་བ་ཀུན་གྱི་འོད་མཆོག་སྟེ།། འབྱུང་བ་མེ་ལ་དབང་སྐུར་ཞིང་།། ཐམས་ཅད་ཀུན་གྱི་དྲོད་བདག་ཡིན།། སྲིད་གསུམ་སྲེད་པར་ཞལ་གྱིས་འཆས།། འཁོར་བའི་སྲེད་པའི་ཕྲིནཿ
100b3 ལ། ཐུགས་དམ་དབང་གིས་ཡོད་མི་འདའ།། མེ་ཡི་ཆོ་ག་ཐམས་ཅད་ནི།། ཡུམ་ཆེན་དཀར་མོ་ཉིད་ལ་སྒོ།། དེ་ནས་ཆོ་ག་ཀུན་རྫོགས་ནས།། རོ་ཡི་སྒྲིབ་པ་བྱང་མ་བྱང་།། མེ་ཡི་དངོས་གྲུབ་ཐོབ་མི་ཐོབ།། མེ་ལས
100b4 མཁས་པས་གོང་བཞིན་བརྟག། མཚན་མ་མི་སྡུག་བྱུང་བ་ན།། བསྲེག་སྦྱང་ཆོ་ག་རྒྱ་ཆེར་བྱ།། གལ་ཏེ་མགུན་དངོས་གྲུབ་ཐོབ།། རོ་ཡི་ཐལ་བ་ཆེན་པོ་ལ།། བཏགས་ནས་ཐལ་བའི་བདུད་རྩིར་བསྒྲུབ།། དེས་ནི
100b5 བསོད་ནམས་ཆེན་པོ་ནི། ། དཔག་ཏུ་མེད་པ་ཐོབ་པར་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་མེའི་ཆོ་ག་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། ། དེ་ནས
100b6 སེམས་དཔའི་རྡོ་རྗེ་དམ་པ་དེས་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བའི་རྡོ་རྗེ་སྔགས་ཀྱི་ཚིག་འདི་གསུངས་སོ། ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཙཎ་ཌ། སརྦ་དུཥྚཱ་ན་སཾ་ཤཱི་ཧེ་རུ་ཀ་ཏ་ཀ་ཧ་ན་པ
100b7 ཧཱུ~ཾ་ཧཱུཾ། ས་ས་ས་ས་ས་མ་ཡ་ས་ནུ་ནེ་ས་ནོར་པར་བཛྲ་གརྦྷ། རད་ན་ག་རྦ། ཀརྨ་ག་རྦ། མཻ་ཏྲི་གཿ། ཀ་རུ་ཎ་གརྦ། ལོ་ཀ་གརྦ། བི་དུ་མ་གནྡྷ། ཡ།། རཀྵ་ས། བི་རྦ། ཥེ་ཋ། ཀེ་ཨུ0f7f། བ་ཐ། བི་རྦི། ཛག་ས། ཝི་ཐ། ཀ་མྲ། ཁཀ
100b8 ཐ་རུ་ཏེ། རག་ཏི། ཁཱ་ཧི། ས་ཧ། ས་ས་ས་ས་ས་ས་ས། ས་ས་ས་ས་ས་ས་ས། ས་སས་ས་ས་ས་ས། ས་ས་ས་ས་ས་ས་ས། རྦརྦ་རྦརྦ་རྦ་རྦརྦ། རྦརྦ་རྦརྦ་རྦརྦ་རྦ། རྦརྦ་རྦ་རྦརྦརྦ་རྦ། ཐོ་ཟ་བ་རྦོ་ཐ་རྦ་རྦ། ཏ་ཏ་ཏ་ཏ་ཏ་ཏ་ཏ། ཏཏཿ




iiif viewer powered by OpenSeadragon

100a - 101a

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo